དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དགུན་དུས་ཀྱི་དངོས་འཐབ་དམག་སྦྱོང་ལ་དཔྱད་ཞིབ་དང་རྩིས་ལེན་གྱི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-16

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དགུན་དུས་ཀྱི་དངོས་འཐབ་དམག་སྦྱོང་ལ་དཔྱད་ཞིབ་རྩིས་ལེན་གྱི་ལས་དོན་སྤེལ་བ་རེད།

    ཏང་ཨུད་ཀྱིས་སྤྱི་འདོམས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་ལས་དོན་བཀོད་སྒྲིག་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དགུན་དུས་ཀྱི་དངོས་འཐབ་དམག་སྦྱོང་གི་དམིགས་ཚད་གཏན་འཁེལ་ཞིབ་ཚགས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་རྩིས་ལེན་གྱི་ལས་དོན་བཀོད་སྒྲིག་བྱས་པ་དང་། ཉིང་ལག་རུ་ཁག་གི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་བྱེད་པ་དང་དེ་མིན་ཚན་ཁག་ཁོངས་མིས་ཙུའུ་ཀྲང་གཞོན་པ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་དཔྱད་ཞིབ་ལས་དོན་གྱི་འགོ་ཁྲིད་དང་ལྟ་སྐུལ་གྱི་འགན་ཁུར་ཡོད། མེ་གསོད་རོགས་སྐྱོབ་བཀོད་འདོམས་པུའི་མི་སྣ་དང་གཞི་རིམ་དཔུང་ཁག་དང་ས་ཚིགས་ཀྱི་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ། དམག་སྦྱོང་བྱ་ཡུལ་དང་། རིག་ཚན་གྱི་གཏན་འབེབས་བརྒྱུད་རིམ། དཔྱད་ཞིབ་ཚད་གཞི་སོགས་ཀྱི་ནང་དོན་ཁ་གསལ་བཟོས་ཏེ། 《ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་2024ལོའི་དགུན་དུས་ཀྱི་དངོས་འཐབ་དམག་སྦྱོང་ལག་བསྟར་ཇུས་གཞི》གཞིར་བཟུང་། དུས་འགོའི་དུས་མཚམས་རང་བཞིན་གྱི་དཔྱད་ཞིབ་བྱས་འབྲས་དང་ཟུང་འབྲེལ་གྱིས། གཞི་རྩའི་ཟུངས་ནུས་རིག་ཚན་ཁག་6དང་། བཀོལ་སྤྱོད་ཟུངས་ནུས་རིག་ཚན་ཁག་3 དམག་མིའི་རྩལ་ནུས་རིག་ཚན་ཁག་8 པན་དང་ཚོགས་ཆུང་གི་རྩལ་ནུས་རིག་ཚན་ཁག་4བཅས་རིགས་དབྱེ་ནས་བཀོད་སྒྲིག་བྱས་ཏེ་དཔྱད་ཞིབ་རྩིས་ལེན་གྱི་ལས་དོན་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཡོད།

    ཚད་གཞི་ནན་པོ་བཟོས་ཏེ་དཔྱད་ཞིབ་རྩིས་ལེན་སྒྲིག་འཛུགས་ཞིབ་ཚགས་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་རྣམ་པ་བརྒྱུད། དཔྱད་ཞིབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། “གནད་དོན་ཤེས་རྟོགས་དང་ཞན་ཆ་སེལ་བའི”རྩ་དོན་ལ་དམིགས་ཏེ། དཔྱད་ཞིབ་ཀྱི་སྒྲིག་ཁྲིམས་དེ་བས་ནན་པོ་བཟོ་བ་དང་བདེ་འཇགས་དང་ལས་འཛོལ་འགོག་ཟོན་གྱི་ལས་དོན་དོན་འཁྱོལ་བྱས་ནས། གཙོ་གནད་ལྷུ་ཚིགས་ལ་རེ་རེ་བཞིན་དམ་འཛིན་དང་མི་བདེན་རྫུན་བཟོ་དང་བཟང་སྒྲོན་ངན་སྐུང་གཏན་འགོག་བྱས་ནས། དཔྱད་ཞིབ་རྩིས་ལེན་གྱི་སྦྱངས་འབྲས་དྲང་གཞག་དང་། གཞུང་དྲང་། ཡོངས་བསྒྲགས་བཅས་ཡོང་བའི་འགན་ལེན་བྱས་ཡོད།

    ཕྱོགས་སྡོམ་དབྱེ་ཞིབ་བྱས་ཏེ་དཔྱད་ཞིབ་བྱས་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དཔྱད་ཞིབ་རྩིས་ལེན་བྱས་འབྲས་དང་ཟུང་འབྲེལ་གྱིས་ཞིབ་དཔྱད་རིག་ཚན་ཁག་དང་ཚན་པ་ཁག་གི་སྦྱངས་འབྲས་ཚད་གཞི་ལོན་མིན་ལ་དབྱེ་ཞིབ་བྱས་ཏེ། “དམར་པོ་དང་། སེར་པོ། ལྗང་གུ”བཅས་ཚོན་མདོག་རིམ་པ་གསུམ་གྱི་སྒོ་ནས་གོ་རིམ་བསྒྲིགས་པ་དང་ཆེད་དོན་སྙན་ཞུ་བཟོས་ནས། གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་སྲིད་འཛིན་ལས་སྒྲུབ་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་ཏེ། སྦྱོང་བརྡར་གྱི་སྦྱངས་འབྲས་ཚད་ལོན་མེད་པ་དང་དམག་སྦྱོང་ནུས་ཕྱོད་མངོན་གསལ་དོད་པོ་མེད་རིགས་ལ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་རོགས་སྐྱོར་ལས་དོན་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།