བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ལྗོངས་ཁྲིམས་འཛིན་ཐིང་ཁོངས་གཏོགས་ཀྱི་ལག་བསྟར་ཇུས་གཞི》ལ་གྲོས་ཞིབ་བྱས་པ་མ་ཟད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བར་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པ། མི་དམངས་ཉེན་རྟོག་ལས་བཟོ་བཅས་ཀྱིས་སློབ་སྦྱོང་སློབ་གསོ་སྤེལ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། “བརྗོད་དོན་གཙོ་བོར་དམིགས་པ་དང་། སྟབས་བདེ་དོན་གཉེར། ཁག་ཐེངས་མི་དབྱེ་བ། དུས་མཚམས་མི་དབྱེ་བ། སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་སྡེབ་ཅིག་ཏུ་སྐུལ་འདེད་གཏོང་བ”བཅས་ཀྱི་བླང་བྱ་གཞིར་བཟུང་། སློབ་སྦྱོང་བགྲོ་གླེང་དང་། གནད་དོན་བཤེར་སེལ། གཅིག་སྡུད་བཅོས་སྒྲིག སྒོ་དབྱེ་དག་ཐེར་བཅས་ཏན་ཏིག་བྱས་ཏེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསར་པ་དང་། བྱེད་ཐབས་གསར་པ། ཕན་འབྲས་གསར་པ་བཅས་སུ་བསྒྱུར་དགོས། སློབ་སྦྱོང་སློབ་གསོའི་རྒྱུན་གཏན་འཚོ་བའི་ཁྲོད་མཉམ་འདྲེས་བྱེད་པར་མཐོང་ཆེན་བྱས་ཏེ་གོང་དཔེ་འོག་སྟོན་གྱིས་སྦྱོང་བ་དང་གོ་དོན་མཐིལ་རྟོགས་ངང་སྦྱོང་བ་མཐའ་འཁྱོངས་ཀྱིས་ཉེན་གཏོང་སློབ་གསོའི་བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྒྲིག་འཛུགས་བྱས་ཏེ་གྱོད་འདྲེན་ལེགས་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མང་ཚོགས་ཞུགས་རྒྱུར་མཐོང་ཆེན་བྱས་ནས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ་དང་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་དགོས། འགན་འཁྲི་ལག་བསྟར་ནན་པོ་དང་། འགན་འཁྲིའི་ལས་བགོས་ཁ་གསལ་བཟོ་བ། བྱེད་པོའི་འགན་འཁྲི་འཁུར་བ་བཅས་བྱས་ནས་སློབ་སྦྱོང་སློབ་གསོའི་རྩ་འཛུགས་ལག་བསྟར་ཡག་པོ་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།