དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི“གཡང་འཛོམས་ཐད་སྦྲེལ་ཁ་པར”ལས་དུས་རབས་གསར་པའི་ཞིབ་དཔྱོད་ཀྱི་འགན་སེམས་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-15

    ཉེ་ཆར་གསར་འགོད་པ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་12309མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཡང་འཛོམས་ཐད་སྦྲེལ་ཁ་པར”གྱི་ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས། ལས་དོན་པས་བྱ་བ་ཁག་གོ་རིམ་ལྡན་པའི་ངང་ཐག་གཅོད་བྱེད་བཞིན་ཡོད་པ་མཐོང་བྱུང་།

    2023ལོའི་ཟླ་4པར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བོད་ཀྱི་དོན་དངོས་དང་དམངས་འདོད་ལ་གཞིགས་ནས། 12309ཡི་ཞིབ་དཔྱོད་ཞབས་ཞུའི་ཐད་སྦྲེལ་ཁ་པར་དེ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་12309མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཡང་འཛོམས་ཐད་སྦྲེལ་ཁ་པར”ཁྱོན་ཡོངས་ནས་རིམ་སྤོར་སྒྱུར་བཀོད་བྱས་ཏེ། མང་ཚོགས་ཀྱི་རེ་འདུན་ལ་དུས་ཚོད་ཀྱི་ཚད་བཀག་ཡོད་པ་དང་ཞབས་ཞུའི་རྣམ་གྲངས་རྐྱང་པ་སོགས་ཀྱི་ཚོད་འཛིན་ལས་བརྒལ་ནས། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཐད་སྦྲེལ་ཁ་པར་དང་། སྤུས་ལེགས་དང་ལས་ཕྱོད་ཆེ་བའི་ལས་དོན་སྒྲུབ་ལམ། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་སྦྲེལ་ཟམ་བཅས་སུ་ཧུར་ཐག་བསྐྲུན་ཏེ་སྤུས་ཚད་དང་ཕན་འབྲས་ཆེ་བའི་ཞིབ་དཔྱོད་ཀྱི་འགན་འཁྲི་བསྒྲུབས་པར་བརྟེན་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    ད་ཆ“གཡང་འཛོམས་ཐད་སྦྲེལ་ཁ་པར”ལ་ཞིབ་དཔྱོད་དཔོན་དང་། ཞིབ་དཔྱོད་དཔོན་གྱི་ལས་རོགས། དྲུང་ཡིག་བཅས་མི་9ཡོད་པ་དང་། “ཆུ་ཚོད་24ཡི་རིང་ཁ་པར་ལེན་མཁན་ཡོད་པ་དང་། ལན་གནད་ལ་འཁེལ་བ་འདེབས་པ”བཅས་མངོན་འགྱུར་བྱུང་ནས་ཆུ་ཚོད་24རིང་ལས་རེས་སྡོད་བྱ་ཡོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་རེ་འདུན་བདག་སྤྲོད་བྱེད་པ། ཐག་གཅོད་བྱས་འབྲས་སམ་ལས་ཕྱོད་ཆེན་པོས་ཚུར་ལན་སློག་ཏེ“གྲངས་གཞི་ནས་མང་ཙམ་སྒྲུབ་པ་དང་། མང་ཚོགས་ཉུང་ཙམ་སྐྱོད་པ”དངོས་འབྲེལ་ཐུབ་ནས་མང་ཚོགས་ཀྱི“སྒོ་རྩའི་ཞིབ་དཔྱོད་ཁང”ཧུར་ཐག་བསྐྲུན་པ་རེད།

    2023ལོ་ནས་བཟུང“གཡང་འཛོམས་ཐད་སྦྲེལ་ཁ་པར”གྱིས་རིམ་རྩིས་བརྒྱབ་ན་མང་ཚོགས་ཀྱི་རེ་འདུན་ཁག་2217ཐག་གཅོད་བྱས་པར་བློ་ཡིད་ཚིམ་ཚད་96%ཡན་ཟིན་ནས། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་ཞབས་ཞུའི་ཐད་སྦྲེལ་ཁ་པར་12309ཡི་རིམ་སྤོར་ཚོད་ལྟའི་དཔེ་མཚོན་དུ་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།