དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-15

    ཉིན་ཤས་བསྟུད་མར། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་དུས་ཚོད་དམ་འཛིན་བྱེད་པ་དང་། བཀོད་སྒྲིག་ཧུར་ཐག་བྱེད་པ། ལས་ཀའི་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། རྣམ་པ་སྣ་ཚོགས་ཀྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”འཚོགས་ནས་དགེ་སློབ་ཚོས་མེ་ཟོན་སྒྲིག་ཆས་ལ་རེག་པ་དང་། མེ་ཟོན་ཤེས་བྱ་སློབ་སྦྱོང་བྱེད་པ། མེ་ཟོན་གནད་དོན་ཤེས་རྟོགས་བཅས་བྱས་ཡོད།

    འདི་ནི་བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་དགེ་སློབ་སྒྲིག་འཛུགས་བྱས་ནས་མེ་ཟོན་གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་བཞིན་པ།


    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།