བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བདེ་ཐང་ཤེས་བྱའི་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་བྱས་པ།
བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བུད་མེད་ལས་བྱེད་ལས་བཟོའི་ལུས་སེམས་བདེ་ཐང་ལ་སེམས་ཁུར་ཏན་ཏིག་བྱ་ཆེད། ཉེ་ཆར་ལྗོངས་མཐོ་རིམ་མི་དམངས་ཁྲིམས་གིས“གངས་ལྗོངས་ཀྱི་བུད་མེད་ལ་གཅེས་སྐྱོང་བྱེད། བདེ་ཐང་བོད་ལྗོངས་ཀྱི་བྱ་སྤྱོད་སྤེལ”ཞེས་པའི་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་བྱས་པར་ཁང་དེའི་བུད་མེད་ལས་བྱེད་ཉེན་རྟོག་པས་ཧུར་ཐག་ཞུགས་ནས། བདེ་ཐང་ལ་དོ་དམ་བྱེད་པའི་ཤེས་བྱ་མཉམ་དུ་སྦྱངས་ཏེ་རང་ངོས་ཀྱི་འཕྲོད་སྦྱོར་ནུས་པ་ཆེ་རུ་བཏང་བ་རེད།
ད་ཐེངས་ཀྱི་འཆད་ཁྲིད་ནང་བདེ་འཇགས་དང་བདེ་ཐང་སློབ་གསོའི་དྲ་བའི་བོད་ལྗོངས་ས་ཚིགས་ཀྱི་དགེ་རྒན་གདན་དྲངས་པ་དང་། འཆད་ཁྲིད་བྱེད་རིང་། སློབ་ཁྲིད་དགེ་རྒན་གྱིས“གངས་ལྗོངས་ཀྱི་བུད་མེད་ལ་གཅེས་སྐྱོང་བྱེད། བདེ་ཐང་བོད་ལྗོངས་ཀྱི་བྱ་སྤྱོད་སྤེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཁྲིམས་འཛིན་ལས་དོན་པའི་ལས་རིགས་ཀྱི་ཁྱད་ཆོས་ལ་དམིགས་ནས་བུད་མེད་ཀྱི་བདེ་ཐང་འཚོ་བའི་འདུ་ཤེས་དང་། ཐོན་མང་བའི་རིམས་ནད་སྔོན་འགོག་དང་གྲལ་བཤེར། བདེ་ཐང་གི་རང་ངོས་དོ་དམ་དང་ཁྱིམ་ཚང་གི་བདེ་ཐང་ལྡན་པའི་འཚོ་བ་སྐྱེལ་སྟངས་སོགས་ཐད་ནས་འཆད་ཁྲིད་བྱས་ཏེ། གསོན་ཉམས་དོད་པའི་གྱོད་དཔེ་དང་སྤྱོད་སྒོ་ཆོད་པའི་གྲོས་འགོ་བཏོན་ནས་ཚང་མའི་འཚོ་བའི་ཐད་ཀྱི་ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་བྱས་ཐོག ཚན་རིག་དང་མཐུན་པའི་བདེ་ཐང་གི་འཚོ་བ་སྐྱེལ་ཐབས་ཁོང་དུ་ཆུད་པར་བྱས་པ་རེད།