བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་འཆད་སྟེགས་ཆེན་པོ”གཉེར་བ།
ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་འཆད་སྟེགས་ཆེན་པོ”གཉེར་ཞིང་། ཞིབ་དཔྱོད་འཆད་སྟེཌ་ལ་ཧོ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འབུམ་རམས་པ་མཱ་ཅན་ཀང་གདན་དྲངས་ཏེ། “DeepSeekམི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་གསར་ཤོས་དང་ཞིབ་དཔྱོད་ཀྱིས་སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བའི་སྒོ་ནས་གྱོད་གཞི་སྒྲུབ་གཉེར་ལ་མཐུན་རྐྱེན་སྐྲུན”ཞེས་པ་ཁ་བྱང་དུ་བྱས་པའི་ཆེད་དོན་འཆད་ཁྲིད་བྱས་པ་རེད།
མཱ་ཅན་ཀང་གིས་རིགས་པའི་གཞུང་ལུགས་དང་ལག་ལེན་ནས་མི་ཐབས་རིག་ནུས་ཀྱི་སྲིད་ཇུས་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ། དེ་བཞིན་DeepSeekལག་རྩལ་གྱི་རྩ་བའི་རིགས་པ་དང་འཕེལ་ཕྱོགས་བཅས་གོ་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་པ་རེད།
གསོ་སྦྱོང་ལ་ཞུགས་མཁན་གྱི་ལས་བྱེད་ཉེན་རྟོག་པས། “ད་ཐེངས་གསོ་སྦྱོང་གི་ནང་དོན་ལ་རྒྱང་ལྟའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གཉིས་ཀ་ལྡན་ཞིང་། ཞིབ་དཔྱོད་ཀྱི་གྱོད་སྒྲུབ་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་བ་དང་ཁྲིམས་འཛིན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་རེད།