དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའ་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-15

     ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། 2024ལོར། ལྗོངས་ཡོངས་ཀྱི་རིམ་ཁག་དུག་འགོག་སྡེ་ཚན་གྱིས་མཐོ་ས་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་ཀྱིས་དུག་གི“འབྱུང་རྩ་རྩ་མེད་བཟོ”བའི་བྱེད་སྤྱོད་གཏིང་ཟབ་སྤེལ་ཏེ། དུག་འགོག་དྲིལ་བསྒྲགས་སློབ་གསོ་གསར་གཏོད་ལྡན་པའི་སྒོ་ནས་སྤེལ་བ་དང་། དུག་འཐེན་མཁན་ལ་དོ་དམ་དང་སློབ་གསོ་གཏོང་བར་ཤུགས་སྣོན་རྒྱག་པ། དུག་བཟོ་བྱེད་དངོས་རྫས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས། ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར། ལྗོངས་ཡོངས་ནས་དུག་འབྲེལ་གྱོད་གཞི་ཁག་64རྩད་ཆོད་པ་དང་། ཁྲིམས་འགལ་ཉེས་གསོག་དོགས་ཅན་24བཟུང་བ། དུག་རྫས་རིགས་མི་འདྲ་བ་སྤྱི་རྒྱ་8.2གཞུང་བཞེས་བཏང་བ། དུག་རྒྱུ་ཡིན་པའི་རི་སྐྱེས་རྩི་ཤིང་རྐང་ཁྲི་3.8ཙམ་རྩ་བཀོག་བཏང་བ། དུག་འབྲེལ་དྲ་ཐོག་བྲོས་བྱོལ་པ་7བཟུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།