དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྤུ་ཧྲེང་མཐའ་མཚམས་མངགས་གཏོང་ཁང་གིས་མི་སེར་ལ་རྩ་ཁྲིམས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-11

    ཉེ་ཆར། བོད་ལྗོངས་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྤུ་ཧྲེང་མཐའ་མཚམས་མངགས་གཏོང་ཁང་གིས་གཅིག་སྡུད་ས་ཚིགས་འཛུགས་པ་དང་དུད་ཚང་དུ་སྐྱོད་པ་ཟུང་འབྲེལ་བྱེད་པའི་བྱ་ཐབས་བརྒྱུད། རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ་བདེ་འཇགས་སྲུང་སྐྱོང་བྱས་ཡོད།

    བྱེད་སྒོ་སྤེལ་སར་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་སྡེ་ཚན་གྱི་འགན་ནུས་གཞིར་བཟུང་། དྲིལ་བསྒྲགས་ཀྱི་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་འགྲེམས་པང་སྒྲིག་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་ནས། མང་ཚོགས་ཚང་མར་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཁྲིམས་སྐྱོང་མི་སེམས་སུ་གཏིང་ཟབ་ཟུག་པ། མི་སེར་གྱི་འཚོ་བ་དང་མཉམ་འདྲེས་ཐུབ་པ་བཅས་བྱས་ཡོད། དེ་དང་ཆབས་ཅིག་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ས་ཆ་བསྡུ་ལེན་དང་། ཁོར་ཡུག་སྲུང་སྐྱོང་། ངལ་རྩོལ་གྱི་ཁེ་དབང་སོགས་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ལ་འགྲེལ་བཤད་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།