དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་མེ་ཟོན་རུ་ཁག་གིས་མེ་ཟོན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-11

    སྤྱི་དམངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ངོས་འཛིན་ཟབ་ཏུ་གཏོང་བ་དང་མེ་ཟོན་ཤེས་བྱའི་ཁྱབ་སྤེལ་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ཉིན་ཤས་གོང་། ལྷ་ས་མེ་ཟོན་རུ་ཁག་གིས་སྒྲིག་འཛུགས་ནན་ཏན་དང་ལག་བསྟར་ཧུར་ཐག་བྱས་ནས་མེ་ཟོན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་གསར་གཏོད་ཀྱི་བྱེད་ཐབས་ལ་བརྟེན་ཏེ་མང་ཚོགས་མང་པོ་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་ཆབས་ཅིག གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད།

    བྱེད་སྒོ་སྤེལ་རིང་དྲིལ་བསྒྲགས་པ་དང་དང་བླངས་པ་སྡེ་ཁུལ་དང་། ཚོང་ར། དགོན་སྡེ་སོགས་མི་སྣ་འདུ་འཛོམས་ཆེ་སར་བསྐྱོད་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། ཚོང་རའི་ནང་དྲིལ་བསྒྲགས་པས་ལྟེ་བའི་ཐང་ཆེན་དུ་མི་རྣམས་ཀྱི་ལྟ་འདོད་པའི་བྱེད་སྒོ་སྤེལ་ཡུལ་བཙུགས་ཏེ། འགྲོ་འོང་བྱེད་མཁན་ལ་བྱེད་སྒོའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་བྱས་ཡོད། སྡེ་ཁུལ་དུ་དྲིལ་བསྒྲགས་པས“དུད་ཚང་དུ་སྐྱོད་པའི”བྱེད་ཐབས་སྤྱད་དེ་གྲོང་མིར་མེ་ཟོན་བདེ་འཇགས་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས་མེ་ཟོན་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། དགོན་སྡེར་དྲིལ་བསྒྲགས་པས་མཆོད་མཇལ་ཞུ་བར་ཡོང་བའི་དད་ལྡན་མང་ཚོགས་ལ་སྤོས་དང་མཆོད་མེ་དང་གློག་རླངས་སྒྲིག་ཆས་ཀྱི་མེ་སྐྱོན་སྔོན་འགོག་བྱ་ཐབས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཁྱབ་གདལ་དང་ལག་བསྟར་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།