དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རྒྱུགས་ར་གྲོང་ཚོར་སྤོས་ནས་མང་ཚོགས་ལ་ཞབས་ འདེགས་ཏན་ཏིག་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-09

    འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཞབས་འདེགས་ཞུ་སྟངས་གསར་གཏོད་ཀྱིས“སྐོར་སྐྱོད་འཁོར་རིགས་དོ་དམ་སུའོ”ཡིས་དམངས་ལ་སྟབས་བདེ་སྐྲུན་པའི་ནུས་པ་གང་ལེགས་བཏོན་ཏེ། སྦག་སྦག་གི་ཁ་ལོ་བའི་ལག་ཁྱེར་གྱི“རྒྱུགས་ར་གྲོང་ཚོར་སྤོ་བའི”བྱེད་སྒོ་སྤེལ་བ་དང་མང་ཚོགས་ལ“12123”APPསྤྱད་ནས་ལས་སྒོ་སྒྲུབ་པར་མཛུབ་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། དམངས་ཕན་ཞབས་འདེགས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་འཁྲིས་སུ་ཞུས་ནས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་འཁོར་རིགས་དོ་དམ་ལས་སྒོ་སྒྲུབ་པའི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད།

    མང་ཚོགས་ཁག་གཅིག་གི་རིག་གནས་རྨང་གཞི་ཞན་པ་དང་སྐད་ཆར་གོ་བ་ལེན་ཁག་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས“ཇ་བསྲུབས་མའི་སློབ་ཁང”གསར་གཏོད་ངང་བཏོན་པ་མ་ཟད། བོད་སྐད་སློབ་ཁྲིད་རུ་ཁག་ཀྱང་བཙུགས་ཡོད། འགྲིམ་འགྲུལ་ཉེན་རྟོག་པ་གཞི་རིམ་དུ་བསྐྱོད་ནས་མང་ཚོགས་དང་མཉམ་དུ་ཇ་བསྲུབས་མ་འཐུང་གིན་དུ་ཤེས་བྱ་སློབ་ཁྲིད་བྱས་ཏེ། འགྲིམ་འགྲུལ་སྒྲིག་སྲོལ་གྱི་དོན་ཚན་དེ་ངང་ཚུལ་སློབ་གསོར་བསྒྱུར་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ཡོད།

    སྙེ་མོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་སྦག་སྦག་རྒྱུགས་ར་མངའ་ཁོངས་ཤང་དང་གྲོང་རྡལ་བརྒྱད་ལ་སྤོས་ནས“རྒྱུགས་ར་གཤམ་སྤོས”བྱས་པ་བརྒྱུད། ཁ་ལོ་བའི་ཡིག་རྒྱུགས་ལྷུ་ཚིགས་ཀྱི“དོན་དག་སྒྲུབ་དཀའ་བ་དང་། དོན་དག་སྒྲུབ་འགོར་བ། ཕར་རྒྱུག་ཚུར་རྒྱུག་བྱེད་པ”སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཤིང་། མིག་སྔའི་བར། སྙེ་མོ་རྫོང་གི་ཞིང་འབྲོག་པ་542སྦག་སྦག་གི་ཁ་ལོ་བའི་ཡིག་རྒྱུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཞུགས་པ་དང་མི་ཐེངས་742བསླབ་ཚན་ཡིག་རྒྱུགས་ལ་ཞུགས་པ་དང་ཚད་ལོན་ཚད་75%ཡན་ཟིན་ནས། ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་འགྲིམ་འགྲུལ་དོ་དམ་སྒྱུར་བཅོས་ལས་བྱུང་བའི་སྟབས་བདེ་དང་དྲོ་སྐྱིད་དངོས་སུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།