དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས།

    བྱེད་ཐབས་སྣ་མང་སྤྱད་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-09

    འདི་ནི་སྟེང་ཆེན་རྫོང་ཁྲལ་དོན་ཅུས་ཀྱི་ལས་དོན་པས་སྟེང་ཆེན་རྫོང་བྱ་ཁྱུང་མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིར་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།

     གསར་འགོད་པར་ཉིན་ཤས་གོང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་གནད་སྨིན་ངང་རོགས་རམ་བྱ་ཆེད། ཅུས་དེས་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་པ་དང་། ཁྲལ་གྲོན་ཞབས་ཞུའི་བྱེད་ཐབས་ལེགས་སུ་གཏོང་བ། ཁྲལ་འབྲེལ་རེ་ཞུ་དང་ལེན་བྱེད་པ་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ། དམངས་གཉེར་ཁེ་ལས་ལ་སེམས་ཁྲལ་དང་དཀའ་ངལ་བསལ་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱས་ཡོད་པ་རེད།

    ཞིང་ལས་ཐོན་རྫས་ལས་སྣོན་ནི་མཛོ་སྒང་ཝ་མདའ་བཟའ་བཅའ་ཚད་ཡོད་ཀུང་སིའི་གཙོ་གཉེར་ལས་སྒོ་ཞིག་ཡིན། ད་ཕན་ལོ་ཤས་རིང་། ཁྲོམ་རའི་གནས་ཚུལ་དང་། མ་བཅོས་རྒྱུ་ཆའི་རིན་གོང་འཕར་བ། མངགས་ཐོ་ཉུང་དུ་སོང་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་ཀུང་སི་འཕེལ་རྒྱས་འགྲོ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཡོད། གནས་ཚུལ་ཤེས་རྟོགས་བྱུང་རྗེས་མཛོ་སྒང་རྫོང་ཁྲལ་དོན་ཅུས་ཀྱིས་ཁེ་ལས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་ཁྲལ་གྲོན་ཞབས་ཞུ་ལེགས་གཏོང་དང་། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་གནད་སྨིན་ངང་ཁྱབ་གདལ། དངུལ་ཁང་དང་ཁྲལ་དོན་ཕན་སྒུལ་དང་མ་རྩ་མཉམ་འདྲེས་སོགས་ཀྱི་བྱེད་ཐབས་བརྒྱུད་ཁེ་ལས་ལ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་རོགས་བྱས་པ་མ་ཟད། ཁྲལ་འཇལ་བའི་ཡིད་རྟོན་ལ་བརྟེན་ནས་ཁེ་ལས་ལ་དངུལ་བུན་གཡར་རོགས་བྱས་ཏེ་ཁེ་ལས་འཕེལ་རྒྱས་གཏོང་རིང་གི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་ཀྱང་བྱས་ཡོད། སྲིད་ཇུས་ཀྱི་ལེགས་ཆའི་རོགས་སྐྱོར་འོག མཛོ་སྒང་ཝ་མདའ་བཟའ་བཅའ་ཚད་ཡོད་ཀུང་སིས་ཐོན་སྐྱེད་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་བ་དང་ལས་ཞུགས་ལས་སྣོན་མང་དུ་བཏང་ནས་ཡུལ་དེའི་ཞིང་འབྲོག་པ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད། “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ལས་ང་ཚོས་ཁེ་ལས་འཕེལ་རྒྱས་གཏོང་བའི་གདེང་ཚོད་ཆེ་རུ་ཕྱིན་སོང”ཞེས་ཁེ་ལས་ཀྱི་འགན་འཁུར་བས་བརྗོད།

    སྟེང་ཆེན་རྫོང་བྱ་ཁྱུང་མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་དང་དེ་བཞིན་ཐང་ག་དང་། སློབ་གོས། སློབ་མའི་ཉལ་ཆས། མི་རིགས་ཀྱི་གྱོན་ཆས་སོགས་ཀྱི་ཐོན་རྫས་ཐོན་སྐྱེད་དང་བྲིན་འཚོང་བྱེད་མཁན་གྱི་དམངས་གཉེར་ཁེ་ལས་ཤིག་ཡིན། ཀུང་སི་དེས་སྲོལ་རྒྱུན་གྱི་མི་རིགས་གྱོན་གོས་རིག་གནས་དར་སྤེལ་གཏོང་རྒྱུར་ཧུར་ཐག་གཞོལ་བཞིན་ཡོད། ཁེ་ལས་དེས་སྟེང་ཆེན་རྫོང་ལས་རིགས་ལག་རྩལ་གསོ་སྦྱོང་ལྟེ་གནས་དང་མཉམ་ལས་བྱས་ཏེ་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་རྟེན་གཞི་མཉམ་དུ་བཏོད་ནས་ཡུལ་དེའི་མང་ཚོགས་ལ་ལས་ཞུགས་གོ་སྐབས་བསྐྲུན་པ་མ་ཟད། ཞིང་འབྲོག་པ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་ཡང་བྱས་ཡོད་པ་རེད།

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོར་མུ་མཐུད་དོ་ཁུར་བྱེད་པ་དང་། ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་གནད་སྨིན་དོན་འཁྱོལ་བྱེད་པ། ཁྲལ་གྲོན་གྱི་ཞབས་ཞུའི་བྱེད་ཐབས་ལེགས་སུ་གཏོང་བ་བཅས་བྱས་ནས། དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་ཆེད་སྔར་བས་ལེགས་པའི་ཁྲལ་འབབ་ཚོང་གཉེར་གྱི་ཁོར་ཡུག་བཏོད་དེ། ཁྲལ་འབབ་ཀྱི“དཔྱིད་རླུང”ཁྲོད་དམངས་གཉེར་ཁེ་ལས་དེ་བས་ལེགས་པའི་ངང་འཕེལ་རྒྱས་ཡོང་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།