དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྦྲ་ཆེན་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཞིང་འབྲོག་ཁུལ་དུ་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-08

    འདི་ནི་ཉེ་ཆར་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རུ་མིས་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    ཉེ་ཆར་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་དཔྱིད་དུས་ཞིང་འབྲོག་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་དང་ཟུང་འབྲེལ་བྱས་ཏེ་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་ལས་ཀའི་བསམ་ཕྱོགས་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་། མང་ཚོགས་ཀྱི་བདེ་འཇགས་འགོ་འཛུགས་སར་བརྩི་བ། བྱེད་ཐབས་མང་པོ་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། ཞིང་འབྲོག་ཁུལ་གྱི་མེ་ཟོན་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བར་བྱས་པ་རེད།

    རུ་ཆེན་དེས་རྫོང་འཕྲལ་སྡོམ་དང་། ཁྲོམ་ར་ལྟ་འདོམས། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་དང་མཉམ་དུ་གྲོང(ཡུལ)མིའི་སྡོད་ཁང་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས། ཁྲོམ་གཞུང་གི་ཚོང་ཁང་སོགས་གཙོ་གནད་དུ་བཟུང་སྟེ“གསུམ་སྒྲིལ་གཅིག”གཉེར་སྐྱོང་རང་བཞིན་གྱི་རང་བསྐྲུན་ཁང་པ་དང་། ཁྱིམ་ཚང་རྣམ་པའི་བཟོ་ཁང་། རྩྭ་རའི་རྩྭ་སྤུང་འཇོག་སོགས་ཀྱི་མེ་ཟོན་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པ་རེད།

    ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཞན་པར་དམིགས་ནས། རུ་ཆེན་དེས་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་ཀྱི་ལས་བྱེད་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་བྱས་པ་དང་། ཉེ་དུས་ཀྱི་མེ་སྐྱོན་གྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་མེ་ཟོན་བཅའ་ཁྲིམས་ཁྲིམས་སྲོལ་དང་། ཞིང་འབྲོག་ཁུལ་གྱི་མེ་སྐྱོན་སྔོན་འགོག མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར། མེ་གསོད་ཡོ་ཆས་སྤྱོད་སྟངས་སོགས་ལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད།

    ཞིང་འབྲོག་ཁུལ་གྱི་མེ་ཟོན་ལས་དོན་སྔར་ལས་གཏིང་ཟབ་དང་སྔར་ལས་ལེགས་པའི་སྒོ་ནས་གང་མགྱོགས་མདུན་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བས། ཁོངས་གཏོགས་ཁུལ་གྱི་མེ་ཟོན་ལས་དོན་ཡར་རྒྱས་བརྟན་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།