ལྷ་སའི་ཉེན་སྲུང་དམག་ཁུལ་གྱི་ཐོན་ཞིག་གིས།
རིན་མེད་ཁྲག་འབུལ་གྱི་བྱེད་སྒོ་སྤེལ་བ།
འདི་ནི་ཁྲག་འབུལ་བྱེད་སྒོ་སྤེལ་ཡུལ་ཡིན་པ།
འདི་ནི་དཔོན་དམག་ཚོས་ཁྲག་འབུལ་ལག་ཁྱེར་འཁྱེར་ནས་དྲན་རྟེན་པར་རྒྱག་བཞིན་པ།
གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་ཆར། ལྷ་སའི་ཉེན་སྲུང་དམག་ཁུལ་གྱི་ཐོན་ཞིག་གིས་དཔོན་དམག་སྒྲིག་འཛུགས་བྱས་ཏེ་ལྷ་ས་ཁྲག་ཚུགས་ལ་རིན་མེད་ཁྲག་འབུལ་གྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་འཕྲོད་བསྟེན་པ་ཀྲང་ཧན་གྱིས་འཐབ་གྲོགས་ཚོར་ཁྲག་འབུལ་གྱི་ཤེས་བྱ་ཁྱབ་གདལ་བཏང་ནས་དཔོན་དམག་གི་དངངས་སྐྲག་འཇགས་ཐབས་བྱས་པ་རེད། སྨན་དོན་པས་སྔོན་ལ་ཚང་མར་ཁྲག་འབུལ་ཐོ་འགོད་བྱེད་དུ་བཅུག་པ་དང་། དེ་རྗེས་བདེ་ཐང་སྐད་ཆ་འདྲི་བ་དང་ཁྲག་ཞིབ་དཔྱད་ཚད་ལེན་སོགས་ཁྲག་ལེན་གྱི་བརྒྱུད་རིམ་རབ་དང་རིམ་པ་བརྒྱུད། ཁྲག་འབུལ་ཆ་རྐྱེན་དང་མཐུན་པའི་དཔོན་དམག་ཚོས་གོ་རིམ་ལྡན་པའི་ངང་ཁྲག་འབུལ་འགོ་ཚུགས་པ་རེད།“ངས་ཁྲག་ཧའོ་ཧྲེང་400ཕུལ་བ་ཡིན”“ངས་ཀྱང་ཁྲག་ཧའོ་ཧྲེང་400ཕུལ་བ་ཡིན”ཞེས་དཔོན་དམག་ཚོའི་བློ་རྩ་བརྟན་ཞིང་ཤུགས་དང་ལྡན་པའི་སྐད་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས། དཔོན་དམག་ཚོས་གཅེས་སེམས་ཆེན་པོས་ཕུ་ཐུང་བརྫེས་ནས་ཁྲག་དྲོན་ལ་བརྟེན་ཏེ་དུས་རབས་གསར་པའི་མི་དམངས་བུ་ཕྲུག་དམག་གི་ལེགས་སྐྱེས་འབུལ་སེམས་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས་པ་རེད། ད་ཐེངས་རིན་མེད་ཁྲག་འབུལ་གྱི་བྱེད་སྒོར་དཔོན་དམག་60ལྷག་ཙམ་ཞུགས་ཡོད་ལ། རིམ་རྩིས་བརྒྱབ་ན་ཁྲག་ཧའོ་ཧྲེང་ཁྲི་2ལྷག་ཙམ་ཕུལ་ཡོད་པ་རེད།
ལྷ་ས་ཁྲག་ཚུགས་ཀྱི་འགན་འཁུར་བ་ཧོང་ཝུན་ཁྲའོ་ཡིས“དཔོན་དམག་ཚོ་སེམས་རྩ་འཁོལ་པོ་འདུག་པས། ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་། དཔོན་དམག་མང་པོས་ཁྲག་འབུལ་ཐེངས་དང་པོ་ཡིན་ཡང་ཧའོ་ཧྲེང་400ཕུལ་བས། ལྷ་ས་ཁྲག་ཚུགས་ཀྱི་ཁྲག་མི་འདང་བའི་དཀའ་ངལ་ཆུང་དུ་ཤུགས་ཆེན་ཕྱིན་སོང་། དཔོན་དམག་ཚོས་བྱ་སྤྱོད་ལ་བརྟེན་ནས་མི་དམངས་དམག་དཔུང་གིས་མི་དམངས་ཆེད་འགན་འཁྲི་འཁུར་བ་དང་ལས་འགན་སྒྲུབ་པར་གསལ་འགྲེལ་བྱས་སོང”ཞེས་མྱོང་ཚོར་ཟབ་མོས་བཤད།