ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།
ཁྲིམས་སྐྱོང་དྲིལ་བསྒྲགས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།
ཉེ་ཆར་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“གསར་བརྗེའི་ཆབ་མདོ། དར་རྒྱས་འབད་འབུངས”ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁ་རུབ་ཆུས་རྫ་ཟམ་ཁྲོམ་གཞུང་འདབ་རྒྱས་ཁྲོམ་གཞུང་སྡེ་ཁུལ་དུ་དུས་བདེ་འཛུགས་སྐྲུན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ཁྲོད་ཁྲིམས་དཔོན་གྱིས་གཙོ་བོ་གཉེན་སྒྲིག་ཁྱིམ་ཚང་དང་ཁྱིམ་མཚེས་ཀྱི་རྩོད་གཞི་སོགས་སྡེ་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཙོ་བོར་དམིགས་ནས། དཔེ་མཚོན་གྱོད་དཔེ་འཇུག་སྒོར་བྱས་ཏེ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་དང་མང་ཚོགས་ལ་རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྲུང་། ཁྲིམས་སྦྱོང་། ཁྲིམས་སྤྱོད་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། གནད་དོན་འཕྲད་སྐབས་ཁྲིམས་ལ་བརྟེན་པ། ཁྲིམས་ལྟར་གནད་དོན་ཐག་གཅོད་བྱེད་པ། འགལ་བ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།