དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ད་ལོ་ནུས་རྒྱུ་གསར་པའི་རླངས་འཁོར་བླུགས་པའི་ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ཐོག་མ་ཡི་རླངས་འཁོར་རྣམས་འགྲམ་འགག་སྒོ་བརྒྱུད་ནས་ནེ་པ་ལར་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-08

    འདི་ནི་གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པས་ཕྱིར་གཏོང་བྱེད་རྒྱུའི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།

    འདི་ནི་གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་དམག་ཁྱི་འཁྲིད་ནས་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།

    ཟླ་3ཚེས་28ཉིན་ནུས་རྒྱུ་གསར་པའི་རླངས་འཁོར་150བླུགས་པའི་ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ཐོག་མ་གཞིས་རྩེར་འབྱོར་ཞིང་རླངས་འཁོར་རྣམས་འགྲམ་འགག་སྒོ་ནས་གཅིག་རྗེས་གཉིས་མཐུད་ངང་རྒྱལ་མཚམས་ཕྱིར་བཏང་བ་རེད། འདི་ནི་ད་ལོ་བོད་རང་སྐྱོང་ལྗོངས་སུ་བཏང་བའི་ནུས་རྒྱུ་གསར་པའི་རླངས་འཁོར་བླུགས་པའི་ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ཐོག་མ་དེ་རེད་ལ། འགྲམ་འགག་སྒོ་ནས་ཕྱིར་གཏོང་བྱས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་བླུགས་པའི་ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ཐོག་མ་དེ་ཡང་རེད། གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་འཐབ་ས་མདུན་མར་ཞབས་འདེགས་ཞུས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་འགན་ལེན་ལས་དོན་ལས་ཕྱོད་ཆེན་པོས་ལེགས་སྒྲུབ་བྱས་པ་རེད།

    2024ལོར་གཞིས་རྩེ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་1.1ཕྱིར་གཏོང་བྱས་པ་དང་། འགྲམ་འགག་སྒོ་དེ་རང་རྒྱལ་གྱིས་ནེ་པ་ལར་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་སའི་འགྲོ་ལམ་གཙོ་བོར་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།