ཟངས་རི་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།
“དམིགས་སར་འབྱོར་བ་གསུམ”གྱི་བྱ་ཐབས་སྤྱད་དེ་ཞིང་འབྲོག་ཁུལ་གྱི་བདེ་འཇགས་དྲ་བ་དམ་དུ་བཏང་བ།
གསར་འགོད་པར་ཟངས་རི་རྫོང་ནས་ཤེས་རྟོགས་བྱུང་བར། ཞིང་འབྲོག་ཁུལ་གྱི་མེ་སྐྱོན་སྔོན་འགོག་གི་ནུས་པ་ཆེ་རུ་གཏོང་ཆེད། ཟངས་རི་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ད་ལོའི་ཟླ་དང་པོ་ནས་བཟུང“དམིགས་སར་འབྱོར་བ་གསུམ”གྱི་བྱ་ཐབས་སྤྱད་དེ་ཞིང་འབྲོག་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་བཏང་ཡོད་པ་རེད།
དུད་ཚང་དུ་ཐོ་འགོད་ལ་བསྐྱོད་དེ་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཤིང་། ཤང་དང་གྲོང་རྡལ་ཁག་གི་མེ་ཟོན་ལས་དོན་ཁང་གི་ལས་དོན་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཞིང་ཁྱིམ་གྱི་གཞི་རྩའི་ཆ་འཕྲིན་བརྟག་ཞིབ་ཐོ་འགོད་བྱས་པ་དང་། ད་ཆ་དུད་ཚང་410ལ་གྲལ་བཤེར་ཐོ་འགོད་ཟིན་ནས་རྗེས་མཐུད་ཀྱི་མེ་ཟོན་ལས་དོན་གནད་སྨིན་སྤེལ་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།
དུད་ཚང་དུ་ཞིབ་བཤེར་བྱེད་པར་བསྐྱོད་ནས་མངོན་མེད་རྐྱེན་ངན་གནད་ལ་འཁེལ་པོས་བཅོས་སྒྲིག་བྱས་ཤིང་། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཤེས་རྟོགས་ཐུབ་པའི་མངོན་མེད་རྐྱེན་ངན་དག་འཕྲལ་མར་བཅོས་སྒྲིག་གསལ་ཐོ་བཟོས་པ་དང་འབྲེལ། དག་ཐེར་བཅོས་སྒྲིག་གི་བརྒྱུད་རིམ་ཧྲིལ་པོའི་གནས་ཚུལ་ལ་རྗེས་སྙེགས་བྱས་ནས་མ་བྱུང་སྔོན་འགོག་བྱས་ཡོད། མིག་སྔའི་བར། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མང་པོ་བདེ་བླག་ངང་བསལ་བ་རེད།
དུད་ཚང་དུ་དྲིལ་བསྒྲགས་བྱེད་པར་བསྐྱོད་དེ་འདུ་ཤེས་ཟབ་ཏུ་བཏང་ཞིང་། ད་དུང་མེ་ཟོན་རོགས་སྐྱོབ་རུ་ཆེན་དེས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཏེ། དྲིལ་བསྒྲགས་གསོ་སྦྱོང་བྱེད་སྒོ་ཐེངས་88སྤེལ་ནས་དྲིལ་བསྒྲགས་དཔྱད་ཡིག་400ལྷག་ཙམ་སྤྲད་པས་མི་1000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།