ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ངལ་རྩོལ་གན་རྒྱའི་རྩོད་གཞིའི་གོང་གཏུག་གྱོད་གཞི་ཞིག་འདུམ་འགྲིག་བྱས་པ།
ཉེ་ཆར་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མྱུར་གཅོད་ཚོཌ་པས“ལྟག་སྤྲོད”ཀྱི་འདུམ་འགྲིག་བྱ་ཐབས་སྤྱད་དེ། ཉིན་གསུམ་གྱི་དུས་ཚོད་ནང་ངལ་རྩོལ་གན་རྒྱའི་རྩོད་གཞིའི་གོང་གཏུག་གྱོད་གཞི་ཞིག་འདུམ་འགྲིག་བྱས་པ་རེད།
ཞུ་གཏུག་བྱ་ཡུལ་ཏུའུ་ཆེ་གེ་མོས་བརྗོད་པར། 2020ལོ་ནས་2024ལོའི་བར། གོང་གཏུག་བྱེད་མཁན་ཁྲེན་ཆེ་གེ་མོའི་ཁང་པ་མཛེས་བཟོའི་ལས་གྲྭར་ལས་ཀ་བྱས་ཤིང་། ལས་མཇུག་འགྲིལ་ནས་བསྡོམས་རྩིས་རྒྱག་སྐབས། སྔར་བཞིན་ངལ་རྩོལ་གླ་ཆ་སྒོར་ཁྲི་10.47ལྷག་ཙམ་སྤྲད་མེད་པ་རེད། ཏུའུ་ཆེ་གེ་མོས་དངུལ་ཐེངས་མང་འདེད་ཀྱང་མ་རག་སྟབས། ཁ་རུབ་ཆུས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་དང་། འདྲི་གཅོད་དང་པོའི་ཞིབ་གཅོད་བྱས་རྗེས། ཞུ་སྦྱོར་ཕྱི་མ་ཁྲེན་ཆེ་གེ་མོས་ཁྲིམས་ལྟར་ངལ་རྩོལ་གླ་ཆ་སྒོར་ཁྲི་8.41ལྷག་ཙམ་སྤྲོད་དགོས་པའི་ཁྲིམས་ཐག་བཅད་པ་རེད། ཁྲེན་ཆེ་གེ་མོས་གོང་གཏུག་བརྒྱབ་ནས། ཏུའུ་ཆེ་གེ་མོ་དང་མཉམ་ལས་བྱེད་སྐབས། གླ་ཆ་ལོ་ལྟར་དུས་ཐོག་ཏུ་རྩིས་བརྒྱབ་ལུགས་ཀྱི་སྐད་འཕྲིན་དཔང་རྟགས་ཉར་ཡོད་པ་མ་ཟད། ཏུའུ་ཆེ་གེ་མོའི་ངལ་རྩོལ་ཚད་གཞི་མ་ལོན་པའི་དབང་གིས་བསྐྱར་བཟོའི་གྱོང་གུན་སྒོར་ཁྲི་2.46ལྷག་ཙམ་བྱུང་ལུགས་བརྗོད་པ་རེད།
ཕྱོགས་གཉིས་ཀྱི་འགལ་བ་ཅུང་ཆེ་བ་དང་ཕན་ཚུན་ང་རྒྱལ་ཆེ་བས་འགལ་བ་ཆེ་རུ་མི་འགྲོ་བ་དང་འགལ་བ་དང་རྩོད་གཞི་ནུས་ལྡན་ངང་ཐག་གཅོད་བྱེད་ཆེད། སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་ཡིག་ཚགས་ལ་ཞིབ་དཔྱད་ནན་ཏན་བྱས་པ་དང་གྱོད་དོན་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས། འདུམ་འགྲིག་དང་མྱུར་གཅོད་ཟུང་འབྲེལ་ནུས་ལྡན་བྱས་ཏེ། “ལྟག་སྤྲོད”ཀྱི་འདུམ་འགྲིག་བྱེད་སྟངས་ལ་བརྟེན་ནས་ཕྱོཌ་གཉིས་ཀྱི་དོ་བདག་གི་བསམ་འཆར་ཉན་པ་དང་། གནས་ཚུལ་དང་། གནས་ལུགས། བཅའ་ཁྲིམས་བཅས་ཕྱོགས་མང་པོ་ནས་ངང་རྒྱུད་རིང་པོས་བཅའ་ཁྲིམས་འགྲེལ་བཤད་དང་གནས་ལུགས་བཤད་པ་མ་ཟད། མྱུར་གཅོད་ཚོགས་པའི་གྱོད་སྒྲུབ་ཁྲིམས་དཔོན་གྱིས་འབྲེལ་གཏུག་མཐུན་སྦྱོར་ཐེངས་མང་བྱས་པས་ཕྱོགས་གཉིས་ཀ་འདུམ་འགྲིག་གྲོས་མཐུན་བྱུང་ནས་ས་གནས་ས་ཐོག་ཏུ་ངལ་རྩོལ་གླ་ཆ་སྒོར་ཁྲི་6.05སྤྲད་པ་རེད།