དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བཟའ་ཟླ་མཉམ་དུ་སྐོར་གཡེང་བྱས། མེས་རྒྱལ་མཐའ་མཚམས་སྲུང་བར་གཞོལ།

    ཀྲུང་ནེའི་མཐའ་མཚམས་ཁུལ་གྱི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-26

    འདི་ནི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྐོར་གཡེང་བྱེད་བཞིན་པ།

    འདི་ནི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་ལི་ཅུན་དང་བཟའ་ཟླ་ལི་ཅཱ་ཤིན་ཡིན་པ།

    འདི་ནི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་འགག་སྒོའི་འཐབ་ས་དང་པོར་སོ་ལྟ་བྱེད་བཞིན་པ།

    རྩེ་མོ་དགུང་དུ་སྙེག་པའི་ཧི་མ་ལ་ཡའི་རི་རྒྱུད་དང་ལང་ལོང་དུ་རྒྱུག་པའི་རྨ་བྱ་ཁ་འབབ་ཀྱིས་ཀྲུང་ནེའི་མཐའ་མཚམས་ཀྱི་བོད་ལྗོངས་སྤུ་ཧྲེང་མཐའ་མཚམས་འཛུལ་སྒྲོལ་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་ལས་གནས་བརྟན་སྲུང་དང་ལེགས་སྐྱེས་ཕུལ་བར་དཔང་པོ་བྱེད།

    བོད་ལྗོངས་སྤུ་ཧྲེང་མཐའ་མཚམས་འཛུལ་སྒྲོལ་ཞིབ་བཤེར་ས་ཚིགས་ལས་སྒྲུབ་ས་ཚིགས་9པའི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་ལོ་ཧྲིལ་པོར་སྤུ་ཧྲེང་འགག་སྒོ་བརྟན་སྲུང་བྱས་ཏེ་འགག་སྒོ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པ་དང་མཐའ་མཚམས་ཡུལ་མིར་ཞིབ་བཤེར་དང་འགག་སྒོའི་འཐབ་ཕྱོགས་དང་པོ་ནས་ལྐོག་འདྲེན་དང་། ལྐོག་སྐྱོད། ཁྲིམས་འགལ་ངང་རྒྱལ་མཚམས་ནས་སྐྱོད་མཁན་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་དོ་དམ་ཚོད་འཛིན་བྱེད་པའི་ལས་འགན་འཁུར་གྱི་ཡོད།

    ད་ལོ་ནི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་ལི་ཅུན་གྱིས་སྤུ་ཧྲེང་འགག་སྒོའི་འཐབ་ས་དང་པོར་ལས་གནས་བརྟན་སྲུང་བྱས་ནས་ལོ་13སོང་ཞིང་། ལོ་13གྱི་ནང་ཁོང་ནང་མི་དང་མཉམ་འཛོམས་བྱེད་པའི་གོ་སྐབས་ཧ་ལམ་བྱུང་མེད། ནང་མིའི་སྐོར་གླེང་སྐབས་ཁོང་གིས“ནང་མིར་གནོང་འགྱོད་ཆེན་པོ་ཡོང་གི་འདུག འོན་ཀྱང་བརྙན་ལམ་ནས་ནང་མི་དང་། སྤུན་མཆེད། གྲོགས་པོ་བཅས་དགའ་སྤྲོ་མཉམ་འཛོམས་བྱེད་པ་མཐོང་སྐབས་རང་ཉིད་ཀྱིས་ལས་འགན་སྒྲུབ་པ་འགྲིག་འདུག་སྙམ་གྱི་འདུག”ཅེས་བཤད།

    ལོ་གསར་དང་དུས་ཆེན་འཆར་རིམ་བཞིན་ཁོང་གི་བཟའ་ཟླ་ལི་ཅཱ་ཤིན་གྱིས“ལོ་གསར་གཏོང་བར་ཡོང་མཁན་ཡིན་ནམ”ཞེས་སྐད་ཆ་འདྲི་སྐབས། ལི་ཅུན་གྱིས“ལས་ཀ་ཚར་རྗེས་ལོག་ཡོང་གི་ཡིན”“ད་ལོའི་དཔྱིད་གསར་དུས་ཆེན་ལ་ཡོང་ཐག་ཆོད་ཡིན”སོགས་ཀྱི་སྐད་འཕྲིན་བསྐུར་བ་མཐོང་སྐབས། ལི་ཅཱ་ཤིན་གྱིས་བཟའ་ཟླར་ལོག་པའི་ཁོམ་པ་མེད་པ་ཤེས་ཀྱི་ཡོད།

    ད་ལོ་ལི་ཅཱ་ཤིན་གྱིས་བཟའ་ཟླ་ལོ་གསར་རིང་ལོག་མི་ཐུབ་པ་ཤེས་རྗེས་ཁྱོ་གའི་སར་འགྲོ་རྒྱུའི་བློ་ཐག་བཅད། ཁྲུང་ཆིང་ནས་མངའ་རིས་བར་ལམ་ཐག་སྤྱི་ལེ་3500ཙམ་ཡོད་ལ། བོད་ལྗོངས་མངའ་རིས་སུ་ས་བབ་མཐོ་ཚད་སྨི་4500ཡོད་པའི་ངལ་དུབ་ལ་མ་འཛེམས་པར་ཁྱོ་ག་འཕྲད་པར་སླེབས།

    ལི་ཅཱ་ཤིན་གྱིས་བཟའ་ཟླའི་རྒས་བཟོ་དོད་པའི་ངོ་གདོང་དང་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་མཐོ་གྲང་དང་གསོ་རླུང་མི་འདང་བར་མ་བལྟོས་པར་མེས་རྒྱལ་གྱི་མཐའ་མཚམས་སྲུང་བ་མཐོང་སྐབས་ཁོང་ལ་སེམས་འགུལ་ཆེན་པོ་ཐེབས། དེ་སྔ་ཁྱོ་གས་ཁ་པར་ནས་མཐའ་མཚམས་སུ་སྐོར་གཡེང་བྱེད་པའི་གཏམ་རྒྱུད་ཤོད་ཀྱི་ཡོད། ལྒང་བཞུའི་དུས་ཆེན་ཉིན་ལི་ཅཱ་ཤིན་ལི་ཅུན་དང་མཉམ་དུ་སྐོར་གཡེང་ལམ་ལ་བཞུད།

    དེ་ཉིན་གྱི་སྐོར་གཡེང་རུ་ཁག་ནང་ཉམས་མྱོང་ཕུན་སུམ་ཚོགས་པའི་བློ་མཐུན་རྒན་གྲས་དང་ཕ་ཡུལ་ནས་ཡོང་བའི་ཉེན་རྟོག་པའི་བཟའ་ཟླ་ཡོད་ལ། ས་མཐོར་སླེབས་མ་ཐག་པའི་ཉེན་རྟོག་པ་གསར་པའང་ཡོད། ཀྲང་ཀྲེན་ཡུས་ཉེན་རྟོག་པ་བྱས་ནས་ཟླ་བཞི་ལས་སོང་མེད་ལ། མཐའ་མཚམས་སུ་སྐོར་གཡེང་བྱེད་ཐེངས་དང་པོ་དང་མཐའ་མཚམས་སུ་ལྒང་བཞུའི་དུས་ཆེན་གཏོང་ཐེངས་དང་པོ་རེད།

    སྐོར་གཡེང་བྱེད་སྐབས་རུ་དཔོན་དབྱང་ཡུང་ཧྥེ་ཡིས་ཚང་མར་ངེས་པར་དུ་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱེད་ཞོར་སྐོར་གཡེང་བྱེད་སྐབས་ཇི་ལྟར་བྱེད་དགོས་མིན་ཡང་བརྗོད་བཞིན་འདུག

    མཐའ་སྲུང་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་ངོས་ནས་བརྗོད་ན། མཐའ་མཚམས་བསྲུང་རྒྱུ་ནི་ཁོང་ཚོའི་བླ་ན་མེད་པའི་འགན་འཁྲི་དང་འོས་འགན་རེད། སྐོར་གཡེང་གི་ཤུལ་ལམ་རིང་མོས་མི་རབས་ནས་མི་རབས་བར་གྱི་མཐའ་སྲུང་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་བློ་བརྟན་འགྱུར་མེད་ཀྱི་དམ་བཅར་དཔང་པོ་བྱེད་དང་མཚུངས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།