དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་མོན་འཚེར་མཐའ་མཚམས་མངགས་གཏོང་ཁང་གིས།

    དུད་ཚང་དུ་བསྐྱོད་ནས་ཁ་བསླུས་ལ་ངོ་རྒོལ་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-26

    འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ཚོར་ཁ་བསླུས་ལ་ངོ་རྒོལ་སྐོར་གྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    ཉེ་ཆར་བོད་ལྗོངས་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་མོན་འཚེར་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་ཁ་བསླུས་ལ་ངོ་རྒོལ་སྐོར་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།

    ཉིན་ཤས་བསྟུད་མར། མོན་འཚེར་མཐའ་མཚམས་མངགས་གཏོང་ཁང་གིས་ཁྲིམས་ལུགས་ཁྱབ་གདལ་བཏང་ནས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱས་ཤིང་། “ཁ་བསླུས་ལ་ངོ་རྒོལ་སྐོར་གྱི་སློབ་ཚན་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྲིད་པའི”བྱེད་སྒོ་སྤེལ་བ་བརྒྱུད། “བདེ་འཇགས་ཀྱི་ས་བོན”ཁྱིམ་ཚང་ཁྲི་སྟོང་མང་པོར་བཏབ་སྟེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་རིགས་ཀྱི་གྱོད་གཞི་མ་འབྱུང་སྔོན་འགོག་བྱས་པ་རེད།

    མི་དམངས་ཉེན་རྟོག་པས་གྲོང་ཚོ་དང་། སྲང་ལམ། མང་ཚོགས་ཀྱི་ཁྱིམ་བཅས་སུ་བསྐྱོད་དེ་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། དོགས་གནད་སེལ་བ་སོགས་ཀྱི་བྱ་ཐབས་སྤྱད་པའི་ཁར། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་དང་། ཁ་བསླུས་ལ་ངོ་རྒོལ་སྐོར་གྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་མ་ཟད། ད་དུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་ལས་དོན་ཐད་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་གང་ཡོད་ཉན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།