དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲོམ་རའི་ཁོར་ཡུག་ལེགས་སུ་བཏང་། བློ་བདེའི་འཛད་སྤྱོད་ཐུབ་པར་བྱས།

    —— རང་ལྗོངས་ཀྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-25

    2024ལོར། རང་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ནས། འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། འཛད་སྤྱོད་བདེ་འཇགས་སྲུང་སྐྱོང་ཧུར་ཐག་བྱས་པ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་ཧུར་ཐག་བཏང་བ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སྤེལ་ཧུར་ཐག་བཅས་བྱས་ཏེ། འཛད་སྤྱོད་པས་འཛད་སྤྱོད་བྱེད་ཐུབ་པ་དང་། འཛད་སྤྱོད་བྱེད་ཕོད་པ། འཛད་སྤྱོད་བྱེད་འདོད་པ་བཅས་ཐུབ་པར་བྱས་ཡོད།

    2024ལོ་ཚུན། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཕྱོགས་གསུམ་པའི་དཔྱད་དཔོག་ལས་ཁུངས་གདན་དྲངས་ནས། ལྗོངས་ཡོངས་ཀྱི་ཚན་པ་85ལ་དྲང་གཞག་འགྲན་རྩོད་ཀྱི་ཞིབ་དཔྱད་བྱེད་པའི་ཕྱོགས་གསུམ་པའི་ཚོད་སྐོར་ལྟ་བཤེར་ལས་དོན་སྤེལ་བ་དང་། གཉེར་སྐྱོང་པའི་དཔལ་འབྱོར་བྱེད་སྒོ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དང་བྱེད་ཐབས་ཀྱི་ཡིག་ཆ་1114སྟབས་བསྟུན་ངང་འཐེན་པར། དྲང་གཞག་འགྲན་རྩོད་ཀྱི་ཞིབ་དཔྱད་ཚད་གཞི་ལས་འགལ་བའི་སྲིད་ཇུས་དང་བྱེད་ཐབས་114ཤེས་རྟོགས་བྱུང་བ་དང་། གནད་དོན་ཞིབ་བཤེར་ཐུབ་ཚད་10.23%ཟིན་པ་བཅས་རེད།

    ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དྲ་རྒྱའི་ཉོ་ཚོང་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། 《དྲ་རྒྱའི་ཉོ་ཚོང་ལྟ་འདོམས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་མཛུབ་ཁྲིད》བཀྲམ་པ་དང་། དྲ་རྒྱའི་ཉོ་ཚོང་གྲངས་གཞིར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བས། གནད་དོན་གྱི་ཁུངས་སྣེ་206ཤེས་རྟོགས་བྱུང་བ་དང་འབྲེལ། ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ཀྱང་བྱས་པ་རེད། ལྗོངས་ཡོངས་ལ་ཁྱབ་པའི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་ཀྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་ས་ཚིགས་བཙུགས་ནས། ཁེ་ལས་ལ་འཕེལ་རྒྱས་ཐད་ཚོད་འཛིན་བཟོ་བའི་དཀའ་གནད་དང་གནད་དོན་ཁག་500ལྷག་ཙམ་ཐག་གཅོད་བྱེད་རོགས་བྱས་ཡོད།

    ལོ་གཅིག་རིང་། རང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བཟའ་བཅའ་དང་། སྨན་རྫས། ཐོན་རྫས་ཀྱི་སྤུས་ཚད། དམིགས་བསལ་སྒྲིག་ཆས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་རབ་དང་རིམ་པ་སྤེལ་ཞིང་། གཅིག་སྡུད་བཅོས་སྒྲིག་བྱས་པ་བརྒྱུད“ཐོན་རྫས་གསུམ་དང་ཁྱད་ལྡན་གཅིག”གི་བདེ་འཇགས་དུས་བབ་སྔར་བས་བརྟན་དུ་ཕྱིན་ཡོད།

    འཛད་སྤྱོད་རྩོད་གཞི་ཐག་གཅོད་བྱེད་པའི་ལས་ཆོད་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དྲ་ཐོག་རྩོད་གཞི་འདུམ་འགྲིག(ODR)ལམ་སྲོལ་འཛུགས་སྐྱོང་གཏིང་ཟབ་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཁེ་ལས་སུ་ODRལམ་སྲོལ་ནང་འདྲེན་བྱས་པས། 2024ལོར་ལྗོངས་ཡོངས་ཀྱི་ODRཁེ་ལས་218བར་འཕེལ་རྒྱས་ཕྱིན་ཡོད། 12315འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་ཕུན་སུམ་ཚོགས་སུ་རྒྱུན་ཆད་མེད་པར་གཏོང་བ་དང་འཛད་སྤྱོད་པས་12315ལས་སྟེགས་ཀྱི“སྤྲིན་ཚོམ་འདུམ་འགྲིག་ཁང”གི་ནུས་པ་བརྒྱུད་འཛད་སྤྱོད་རྩོད་གཞི་དྲ་ཐོག་ནས་འདུམ་འགྲིག་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།