དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་བློ་འདྲི།
  • དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-18

    ཕྲུ་གུར་ཕའི་རུས་སམ་མའི་རུས་ཕུད་པའི་གཞན་པའི་རུས་གདམ་གསེས་བྱེད་ཆོག་གམ།

    དོན་ཚན་ཆིག་སྟོང་དང་བཅོ་ལྔ་པ། རང་བྱུང་མིའི་རུས་ནི་ཕའི་རུས་སམ་མའི་རུས་ཡིན་དགོས། ཡིན་ནའང་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ན། ཕའི་རུས་སམ་མའི་རུས་ལས་གཞན་པའི་རུས་གདམ་གསེས་བྱས་ཆོག

    (གཅིག) ཁྲག་རྒྱུད་ཐད་ཀའི་གཉེན་ཚན་རྒན་རབས་པ་གཞན་དག་གི་རུས་གདམ་གསེས་བྱས་པ།

    (གཉིས) ཁྲིམས་བཀོད་འཚོ་སྐྱོང་བྱེད་མི་མ་ཡིན་པའི་མིས་འཚོ་སྐྱོང་བྱས་རྐྱེན་འཚོ་སྐྱོང་བྱེད་མི་དེའི་རུས་གདམ་གསེས་བྱས་པ།

    (གསུམ) སྤྱི་སྒྲིག་སྲོལ་བཟང་དང་མི་འགལ་བའི་རྒྱུ་མཚན་ལུགས་མཐུན་གཞན་དག་ཡོད་པ། གྲངས་ཉུང་མི་རིགས་ཀྱི་རང་བྱུང་མིའི་རུས་མིང་ནི་སོ་སོའི་མི་རིགས་རིག་གནས་ཀྱི་སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་དང་བསྟུན་ཆོག

    ཁྲིམས་ལུགས་འཆད་སྟེགས།

    རུས་མིང་ནང་ཀྲུང་ཧྭ་ཡི་སྲོལ་རྒྱུན་རིག་གནས་བསྡུས་པ་དང་རིགས་རྒྱུད་ཁྲག་རྒྱུན་དང་ཁྱིམ་རྒྱུད་རྒྱུན་འཛིན་མཚོན་པ་མ་ཟད་སྤྱི་ཚོགས་དོ་དམ་དང་འབྲེལ་བ་ཡོད་པས་རུས་མིང་གདམ་གསེས་བྱེད་སྐབས་ཚད་ལྡན་དང་ཚོད་འཛིན་འོས་འཚམ་བྱེད་དགོས། དཔེར་ན་སྤྱི་སྒྲིག་སྲོལ་བཟང་གི་རྩ་དོན་ལས་འགལ་མི་རུང་ལ་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་རྒྱལ་ཁབ་ཀྱི་ཁེ་ཕན་སོགས་ལའང་གནོད་འཚེ་གཏོང་མི་རུང་། སྤྱི་དམངས་ཀྱིས་རུས་མིང་རང་མོས་ངང་གདམ་གསེས་བྱས་ཆོག་མོད། འོན་ཀྱང་རུས་མིང་གདམ་གསེས་བྱེད་སྐབས་གཤམ་གསལ་རིགས་ཁ་ཤས་ལས་ཚུད་མེད་པ་སྟེ། ཕའི་རུས་དང་། མའི་རུས། གཉེན་ཚན་རྒན་རབས་པའི་རུས་མིང་། འཚོ་སྐྱོང་བྱེད་མཁན་གྱི་རུས་བཅས་དང་ད་དུང་ཐ་སྐྱོང་དོན་ཚན་ཞིག་ཡོད་པ་ནི་སྤྱི་སྒྲིག་སྲོལ་བཟང་ལས་མི་འགལ་བའི་ཁར་ལུགས་མཐུན་རྒྱུ་མཚན་ཡོད་པའི་རུས་གཞན་དག་བྱས་ཆོག དེར་བརྟེན་རང་བྱུང་མིའི་རུས་མིང་ནི་རྩ་དོན་མེད་པའི་སྒོ་ནས་གདམ་གསེས་གང་བྱུང་བྱེད་རྒྱུ་ཞིག་མིན་པ་དང་མི་དྲན་དགུ་དྲན་གྱི་མིང་ཁྱད་མཚར་གང་བྱུང་འདོགས་མི་རུང་། གཞན་ཡང་གསོས་ཕྲུག་ཡིན་ཚེ་ཕའམ་ཡང་ན་མའི་རུས་མིང་བཏགས་ཆོག་པ་དང་དོ་བདག་དང་གྲོས་མོལ་བྱས་པ་བརྒྱུད་དེ་སྔའི་རུས་མིང་སོར་ཉར་བྱས་ཀྱང་ཆོག

    གཞན་གྱིས་རང་ཉིད་ཀྱི་འདྲ་བརྙན་གང་བྱུང་དུ་སྤྱོད་ཆོག་གམ།

    དོན་ཚན་ཆིག་སྟོང་དང་བཅོ་བརྒྱད་པ། རང་བྱུང་མིར་འདྲ་བརྙན་གྱི་ཁེ་དབང་སྤྱོད་རྒྱུ་ཡོད་པ་དང་། ཁྲིམས་ལྟར་རང་ཉིད་ཀྱི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲགས་བཅས་བྱེད་པའམ་མི་གཞན་གྱིས་བཀོལ་སྤྱོད་བྱེད་པར་ཆོག་འཁྲོལ་སྤྲོད་དབང་ཡོད།

    འདྲ་བརྙན་ཞེས་པ་ནི་གཟུགས་བརྙན་དང་། བརྐོས་བརྙན། རི་མོ་སོགས་ཀྱི་རྣམ་པའི་ཐོག་ནས་རྟེན་གཞི་ངེས་ཅན་གྱི་ཐོག་ཏུ་འཆར་བའི་རང་བྱུང་མི་ངེས་ཅན་གྱི་ངོས་འཛིན་བྱེད་ཐུབ་པའི་ཕྱིའི་གཟུགས་བརྙན་ལ་ཟེར།

    ཁྲིམས་ལུགས་འཆད་སྟེགས།

    འདྲ་བརྙན་དབང་བདག་གི་མོས་མཐུན་མ་ཐོབ་པར་འདྲ་བརྙན་དབང་བདག་གི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲཌ་བཅས་བྱེད་མི་ཆོག འོན་ཀྱང་བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་འདིའི་ཁོངས་སུ་ཚུད་མེད། གཤམ་གསལ་བྱ་སྤྱོད་ལུགས་མཐུན་སྤྱད་ཚེ་འདྲ་བརྙན་དབང་བདག་གི་མོས་མཐུན་མ་ཐོབ་ཀྱང་རུང་བ་སྟེ། (1) མི་སྒེར་གྱིས་སློབ་སྦྱོང་དང་། སྒྱུ་རྩལ་རོལ་མྱོང་། སློབ་ཚན་ཐོག་སློབ་ཁྲིད་བཅས་སམ་ཚན་རིག་ཞིབ་འཇུག་བྱ་ཆེད་ཉེར་མཁོའི་ཁྱབ་ཁོངས་སུ་འདྲ་བརྙན་དབང་བདག་གིས་ཡོངས་བསྒྲགས་བྱས་པའི་འདྲ་བརྙན་བཀོལ་སྤྱོད་བྱེད་པ་དང་། (2) གསར་འགྱུར་སྒྲོག་སྤེལ་གྱི་དོན་དུ་མི་བྱེད་ཀ་མེད་ཀྱིས་འདྲ་བརྙན་དབང་བདག་གི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲཌ་བཅས་བྱེད་པ། (3) ཁྲིམས་ལྟར་འགན་འཁྲི་སྒྲུབ་ཆེད་རྒྱལ་ཁབ་ལས་ཁུངས་ཀྱིས་ཉེར་མཁོའི་ཁྱབ་ཁོངས་ནང་འདྲ་བརྙན་དབང་བདག་གི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲགས་བཅས་བྱེད་པ། (4) སྤྱི་པའི་ཁོར་ཡུག་ངེས་ཅན་སྟོན་པའི་དོན་དུ་མི་བྱེད་ཀ་མེད་ཀྱིས་འདྲ་བརྙན་དབང་བདག་གི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲཌ་བཅས་བྱེད་པ། (5) སྤྱི་པའི་ཁེ་ཕན་ནམ་འདྲ་བརྙན་དབང་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆེད་འདྲ་བརྙན་དབང་བདག་གི་འདྲ་བརྙན་བཟོ་བ་དང་། བཀོལ་སྤྱོད། ཡོངས་བསྒྲཌ་བཅས་བྱེད་པའི་བྱ་སྤྱོད་གཞན་དག་བཅས་སོ།

    འདྲ་བརྙན་ཁེ་དབང་གི་ཆོག་འཁྲོལ་གན་རྒྱ་གང་བྱུང་དུ་མེད་པ་བཟོ་ཆོག་གམ།

    དོན་ཚན་ཆིག་སྟོང་དང་ཉེར་གཉིས་པ། དོ་བདག་བར་དུ་འདྲ་བརྙན་བཀོལ་སྤྱོད་ཀྱི་ཆོག་འཁྲོལ་དུས་བཀག་ལ་གྲོས་དན་བཞག་མེད་པའམ་གྲོས་དན་གསལ་ངེས་མིན་ན་དོ་བདག་ཕྱོགས་གང་རུང་གིས་དུས་གང་རུང་དུ་འདྲ་བརྙན་བཀོལ་སྤྱོད་ཀྱི་ཆོག་འཁྲོལ་གན་རྒྱ་གྲོས་འཐེན་བྱས་ཆོག ཡིན་ནའང་དུས་བཀག་གང་འོས་ཀྱི་སྔོན་ལ་ཕ་རོལ་པོར་བརྡ་གཏོང་དགོས། དོ་བདག་བར་དུ་འདྲ་བརྙན་བཀོལ་སྤྱོད་ཀྱི་ཆོག་འཁྲོལ་དུས་བཀག་ལ་གྲོས་དན་གསལ་པོ་བཞག་ཡོད་པ་ལ་འདྲ་བརྙན་དབང་བདག་ལ་རྒྱུ་མཚན་ལུགས་མཐུན་ཡོད་ན་འདྲ་བརྙན་བཀོལ་སྤྱོད་ཀྱི་ཆོག་འཁྲོལ་གན་རྒྱ་གྲོས་འཐེན་བྱས་ཆོག ཡིན་ནའང་དུས་བཀག་གང་འོས་ཀྱི་སྔོན་ལ་ཕ་རོལ་པོར་བརྡ་གཏོང་དགོས། གན་རྒྱ་གྲོས་འཐེན་བྱས་པའི་དབང་གིས་ཕ་རོལ་པོ་ལ་གྱོང་གུན་བཟོས་པ་ཡིན་ན་འདྲ་བརྙན་དབང་བདག་ལ་ཁག་དཀྲི་བྱེད་ཐབས་བྲལ་བའི་རྒྱུ་མཚན་ཡོད་པ་ཕུད་གྱོང་གུན་སྐྱིན་གསབ་བྱེད་དགོས།

    ཁྲིམས་ལུགས་འཆད་སྟེགས།

    དོ་བདག་གིས་འདྲ་བརྙན་བཀོལ་སྤྱོད་ཀྱི་ཆོག་འཁྲོལ་དུས་བཀག་ལ་གྲོས་དོན་བཞག་མེད་པའམ་གྲོས་དོན་གསལ་ངེས་མིན་ན་དུས་བཀག་མེད་པའི་རྒྱུན་མཐུད་རང་བཞིན་གྱི་གན་རྒྱའི་ཁོངས་སུ་གཏོགས་ཡོད། དོ་བདག་ལ་དུས་བཀག་མེད་པའི་སྒོ་ནས་གན་རྒྱའི་ཚོད་འཛིན་མི་ཕོག་པ་དང་མི་སྒེར་གྱི་རང་བདག་ཐག་གཅོད་ཀྱི་ཁྱབ་ཁོངས་ལས་མི་འགལ་བ་བྱ་ཆེད་བཅའ་ཁྲིམས་ཀྱིས་ཕྱོགས་གཉིས་པོར་མེད་པ་བཟོ་དབང་སྤྲད་ཡོད། དོ་བདག་གང་རུང་ཞིག་གིས་འདྲ་བརྙན་བེད་སྤྱོད་ཀྱི་ཆོག་འཁྲོལ་གན་རྒྱ་མེད་པ་བཟོ་ཆོག འོན་ཀྱང་དུས་བཀག་གང་འོས་ཀྱི་སྔོན་དུ་ཕ་རོལ་པོར་བརྡ་གཏོང་དགོས། གལ་ཏེ་དོ་བདག་གིས་འདྲ་བརྙན་བེད་སྤྱོད་ཀྱི་ཆོག་འཁྲོལ་དུས་བཀག་ནང་གྲོས་དན་གསལ་པོ་བཞག་ཡོད་པ་ལ་འདྲ་བརྙན་སྦྱོར་ལུགས་མཐུན་གྱི་རྒྱུ་མཚན་ཡོད་ན་འདྲ་བརྙན་བེད་སྤྱོད་ཀྱི་ཆོག་འཁྲོལ་གན་རྒྱ་གྲོས་འཐེན་བྱེད་ཆོག འོན་ཀྱང་ལུགས་མཐུན་གྱི་དུས་བཀག་ནང་ཕ་རོལ་པོར་བརྡ་གཏོང་དགོས། དེའི་རྒྱུ་མཚན་ནི་འདྲ་བརྙན་ཁེ་དབང་གི་ཆོག་འཁྲོལ་དེ་མི་གཞིའི་ལ་རྒྱ་དང་འབྲེལ་བ་ཡོད་པས་མི་གཞིའི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་དབར་འགལ་ཟླ་ཐོན་སྐབས་བཅའ་ཁྲིམས་ཀྱིས་མི་གཞིའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆོག འོན་ཀྱང་འདྲ་བརྙན་དབང་བདག་གིས་གན་རྒྱ་གྲོས་འཐེན་བྱས་པའི་དབང་གིས་ཕ་རོལ་པོར་གྱོང་གུན་བཟོས་ཚེ་འདྲ་བརྙན་དབང་བདག་ལ་ཁག་དཀྲི་བྱེད་ཐབས་བྲལ་བའི་རྒྱུ་མཚན་ཡོད་པ་ཕུད་གྱོང་གུན་སྐྱིན་གསབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།