“ནད་རྐྱེན”སེལ་བ།
རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཉིན་ཤས་གོང《གློག་པར་བརྟག་དཔྱད་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་འཛུགས་གཉེར་གྱི་མཛུབ་སྟོན(ཚོད་ལྟའི་ལག་བསྟར)》བཀྲམ་ནས་གློག་པར་བརྟག་དཔྱད་ཀྱི་རིན་གོང་ལུགས་མཐུན་ཡོང་བར་སྐུལ་མ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ནད་ལྟ་བའི་ཁུར་པོ་སྔར་བས་ཡང་དུ་བཏང་བ་རེད།
བརྟག་དཔྱད་བརྟག་བཤེར་ནི་ནད་བརྟག་སྨན་བཅོས་ཀྱི་རྨང་གཞི་ཡིན་ལ། དེང་སྐབས་མང་ཚོགས་ཀྱི་སྨན་བཅོས་འགྲོ་སོང་གི་ཆ་ཤས་ཤིག་ཀྱང་རེད། བརྟག་དཔྱད་ཀྱི་འགྲོ་གྲོན་ལུགས་མཐུན་བཟོ་བར་དགའ་བསུ་ཞུ་དགོས་ལ། དུས་མཚུངས་སུ་དོགས་ཟོན་ཡང་བྱས་ཏེ། “བརྟག་དཔྱད་ཀྱི་འགྲོ་གྲོན་དམའ་རུ་སོང་ཡང་བརྟག་དཔྱད་བྱེད་ཐེངས་མང་དུ་འགྲོ་བའི”སྣང་ཚུལ་སྔོན་འགོག་བྱེད་དགོས།
སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་2024ལོའི་གཙོ་གནད་ལས་དོན་གྱི་ལས་འགན།
སྨན་བཅོས་སྒྲིག་གཞིའི་བརྟག་དཔྱད་མཇུག་འབྲས་ཕན་ཚུན་ངོས་ལེན་ལ་སྔར་བས་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར།
གློག་པར་བརྟག་དཔྱད་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་འཛུགས་གཉེར་གྱི་མཛུབ་སྟོན(ཚོད་ལྟའི་ལག་བསྟར)