དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-16

    འདི་ནི་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་བཀོད་འདོམས་པས་བྲག་པ་ཤང་དགོན་རབ་གྲོང་ཚོའི་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་བཀོད་འདོམས་པས་བྲག་པ་ཤང་དགོན་རབ་གྲོང་ཚོའི་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དྲིལ་བསྒྲགས་ཀྱི་བསམ་ཕྱོགས་གསར་གཏོད་བྱས་ཏེ“སྐོར་སྐྱོད་དྲིལ་བསྒྲགས་རླངས་འཁོར་དང་མེ་ཟོན་བདེ་འཇགས་གྱི་དྲ་ཐོག་སློབ་ཁྲིད། མེ་ཟོན་ཤེས་བྱའི་འགྲན་བསྡུར་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་ནས་གྲོང་གསེབ་དང་། སྡེ་ཁུལ། དགོན་སྡེ་བཅས་སུ་ཟབ་སྐྱོད་བྱས་ཏེ། མེ་ཟོན་བདེ་འཇགས་ཤེས་བྱ་ཁྱབ་གདལ་གྱི་ལས་དོན་སྤེལ་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཡོངས་ཁྱབ་ཐུབ་པར་བྱས་ཡོད།

    བྱེད་སྒོ་སྤེལ་རེང་། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྐོར་སྐྱོད་དྲིལ་བསྒྲགས་རླངས་འཁོར་གྱི་སྟབས་བསྟུན་གྱི་ལེགས་ཆ་གང་ལེགས་བཏོན་ཏེ་ཁོངས་གཏོགས་ཁུལ་གྱི་ཤང་དང་། གྲོང་རྡལ། ཁྲོམ་གཞུང་བཅས་སུ་ཟབ་སྐྱོད་བྱས་ནས་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་མེ་ཟོན་བདེ་འཇགས་ཀྱི་དྲན་སྐུལ་དང་། མེ་ཟོན་བདེ་འཇགས་ཀྱི་སྤྱི་ཕན་བརྡ་ཁྱབ། མེ་སྐྱོན་གྱོད་དཔེའི་ཉེན་བརྡའི་གློག་བརྙན་བཅས་རེས་མོས་ངང་བསྟན་ཡོད། མེ་ཟོན་དྲིལ་བསྒྲགས་པས་ས་གནས་དེ་གའི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དྲོད་ལེན་གྱི་བདེ་འཇགས་དང་རྩྭ་ཐང་གི་མེ་འགོག་སོགས་ཀྱི་ཤེས་བྱ་གཙོ་གནད་ཐོག་གསལ་འགྲེལ་བྱས་ནས་གྲོང་མིས་དྲོད་ལེན་སྒྲིག་ཆས་བེད་སྤྱོད་ཡང་དག་དང་འབར་སླ་བའི་དངོས་པོ་གཙང་སེལ་སོགས་བྱེད་པར་མཛུབ་ཁྲིད་བྱས་ཏེ། མེ་སྐྱོན་སྔོན་འགོག་ནུས་ལྡན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།