དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-13

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་འཕྲལ་སྡོམ་དོ་དམ་ཅུས་དང་མཉམ་དུ《ལས་ཀའི་དྲན་སྐུལ》བཏང་སྟེ། “བཅའ་ཁྲིམས་ལག་བསྟར་སུས་བྱས་ཀྱང་དེ་ཡིས་ཁྱབ་གདལ་གཏོང་མཁན་འཁུར་བའི”ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཤིང་། རྫོང(ཆུས་དང་གྲོང་ཁྱེར)ཁག་གི་ཁྲིམས་འཛིན་ཅུས་ཀྱིས་སྒྲིག་འཛུགས་བྱས་ཏེ་ས་གནས་དེ་གར་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས“ཉིང་ཁྲིའི་དམངས་ཆེད་ཁྲིམས་འཛིན”གྱི་སྐད་འཕྲིན་སྤྱི་རྟགས་དང“ཁྲིམས་སྐྱོང་ཉིང་ཁྲིའི”ཁྱུག་དབྱིངས་ཨང་རྟགས་ཐོག་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བརྙན་ཐུང་བཟོས་ནས་བཏང་བ་མ་ཟད། ཇོ་རིའི་སྤྲིན་སྟེགས་དང་ཀྲུང་དབྱང་བརྙན་ཐུང་སོགས་སྨྱན་སྦྱོར་ལས་སྟེགས་ནས་དུས་མཉམ་དུ་བཏང་བ་རེད། ཉིང་ཁྲིའི་མེ་འཁོར་བབས་ཚུགས་དང་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་སོགས་མི་ཚོགས་མང་བའི་སྤྱི་པའི་འདུ་གནས་ཀྱི་LEDའཆར་ཤེལ་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་རེས་མོས་ཀྱིས་བཏང་སྟེ“ཤེལ་ཆུང་དང་ཤེལ་ཆེ”ཟུང་འབྲེལ་བྱས་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཕན་འབྲས་ཆེ་ཤོས་ཐོན་པར་རམ་འདེགས་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་སྤྱི་གླིང་དང་ཐང་ཆེན་སོགས་སུ“ཁྲིམས་ལུགས་ཁྱབ་གདལ་དང་ཚན་རིག་ཁྱབ་གདལ”ཟུང་འབྲེལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས》ལ་དོན་སྙིང་ཟབ་ལ་གོ་སླ་བའི་འགྲེལ་བཤད་བརྒྱབ་སྟེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བཅའ་ཁྲིམས་ཀྱི་འགན་འཁྲི་དང་འོས་འགན་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བཅའ་ཁྲིམས་ཀྱི་གནད་དོན་ལ་ལན་བཏབ་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་ཁམས་རགས་གྲོང་ཚོ་དང་། ལ་ཐོག་གྲོང་ཚོ། ཐིམ་ཕུ་རོང་གྲོང་ཚོ་སོགས་སུ“སྦྱོང་བརྡར་བྱས་ནས་འགོག་ཟོན་བྱེད་པ་དང། ས་ཡོམ་འཕྲད་སྐབས་མ་འཚབ་པའི”ས་ཡོམ་འཕྲལ་སྡོམ་ཉེན་གཡོལ་དང་ཁ་འགྲེམས་ཀྱི་ནང་སྦྱོང་བྱེད་སྒོ་སྤེལ་ཏེ། ཐོལ་བྱུང་གནོད་འཚེ་འཕྲད་སྐབས་མང་ཚོགས་ཀྱི་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་འཇོན་ཐང་ཆེ་རུ་རྒྱུན་ཆད་མེད་པར་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།