དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་སྐྱོང་ལྗོངས་ཀྱི་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ།

    མང་ཚོགས་ཀྱི་ལྕེ་ཐོག་གི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-11

    འདི་ནི་ཞིབ་བཤེར་ཚོགས་ཆུང་གིས་སྔོ་ཚལ་ལ་ཞིབ་བཤེར་བྱེད་བཞིན་པ།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། ཁྲོམ་ར་ལྟ་འདོམས་ཅུས། ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་བཅས་དང་མཉམ་དུ“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱ་ཐབས་སྤྱད་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་ཞིང་ལས་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་དཔྱིད་དུས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། ཆུ་ཤུལ་རྫོང་བཅས་ཀྱི་སྔོ་ཚལ་དྲོད་ཁང་དང་། བཤས་ར། སྡེབ་ཚོང་ཁྲོམ་ར། སྒོ་རྩིས་ཚོང་ཁང་བཅས་ཁག་གཅིག་དང་། ཞིང་སྨན་དང་། ཕྱུགས་རིགས་སྨན་རྫས། རྫས་ལུད། ཞིང་སྤྱོད་འགྱིག་ཤོག གཟན་ཆས། ཉ་ཕྲུག་སོགས་ཞིང་ལས་ཐོན་རྫས་དང་ཞིང་ལས་རྒྱུ་ཆ་གཉེར་སྐྱོང་ཁེ་ལས་དང་ཚོང་ཁང་དུ་བསྐྱོད་དེ་ཞིང་ལས་ཐོན་རྫས་གལ་ཆེན་གྱི་བདེ་འཇགས་དང་མཁོ་སྤྲོད་འགན་ལེན་གྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།

    ཉིན་གཉིས་བསྟུད་མར་ཞིབ་བཤེར་བྱས་པ་བརྒྱུད། ཞིང་འབྲོག་ཐོན་རྫས་གཉེར་སྐྱོང་བྱེད་པོ་8ལ་ཞིབ་བཤེར་བྱས་པ་དང་། ཞིང་ལས་སྲིད་འཛིན་ཁྲིམས་འཛིན་མི་སྣ་མི་ཐེངས་20ལྷག་ཙམ་བཏང་ནས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོར་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དཔྱད་ཡིག་80ལྷག་ཙམ་སྤྲད་པ་རེད།

    ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་འདང་ངེས་ཡོད་པ་དང་སྤུས་ཚད་བདེ་འཇགས་ཀྱི་གནས་ཚུལ་སྤྱིའི་ཆ་ནས་ཡག་པོ་ཡོད་མོད། འོན་ཀྱང་གཉེར་སྐྱོང་བྱེད་པོ་རེ་ཟུང་ལ་ཚོང་ཟོག་ནང་འདྲེན་ཞིབ་བཤེར་གྱི་རྩིས་ཐོ་ཚད་ལྡན་མེད་པ་དང་ཚོང་གཉེར་ལག་ཁྱེར་ཚང་པོ་མེད་པ་སོགས་ཀྱི་གནས་ཚུལ་ཡོད་པས། ཞིབ་བཤེར་ཚོགས་ཆུང་གིས་དེ་མུར་སློབ་གསོ་བཏང་ནས་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་བསམ་འཆར་བཏོན་པ་རེད།

    ཐེངས་འདིའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོའི་བཅའ་ཁྲིམས་འདུ་ཤེས་དང་སྤུས་ཚད་བདེ་འཇགས་འདུ་ཤེས་ཆེ་རུ་ཕྱིན་པ་མ་ཟད། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་ཐུབ་སྟེ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཐད་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།