དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-03

    2024ལོའི་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ལ་གཞི་ཚུགས་ཏེ། དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་དང་འགོག་ཟོན་དང་། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཁྱབ་གདལ་དང་དེ་བཞིན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་གསར་པ་འགོག་ཟོན་སོགས་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ནས། དྲ་རྒྱའི་བདེ་འཇགས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་ཁྲིད་སྟོན་གྱི་ཕན་འབྲས་དངོས་དྲིལ་བསྒྲགས་བྱེད་པར་སྣང་ཆེན་དང་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་ལས་དོན་སྒྲིག་འཛུགས་ཚཌ་ཚུད་ངང་ཏན་ཏིག་སྤེལ་བས། ཕན་འབྲས་གསར་པ་རྒྱུད་ཆད་མེད་པར་ཐོན་བཞིན་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དེ་ཁེ་ལས་གཉེར་སྐྱོང་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་བྱ་ཐབས་གལ་ཆེན་དུ་བརྩིས་ཤིང་། རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲཌ་གཟའ་འཁོར་རིང་། སྤྱི་བདེའི་དྲ་རྒྱའི་བདེ་འཇཌ་སྡེ་ཚན་གྱིས་སྤྱི་བདེ་ལས་ཁུངས་ཀྱི་དྲ་རྒྱའི་བདེ་འཇགས་ལྟ་འདོམས་ཀྱི་འགན་འཁྲི་ནན་ཏན་འཁུར་ཞིང་། ཁྲིམས་འཛིན་ལྟ་སྐུལ་དང་ཞིབ་བཤེར་ཐེངས་མང་བྱེད་པ་དང་། དྲ་རྒྱ་དང་གྲངས་འཛིན་བདེ་འཇགས་ཀྱི་སྲིད་འཛིན་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། དེ་བཞིན་ཉེན་ཟོན་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་སོཌ་ཀྱི་རྒྱུན་རྣམ་ཅན་གྱི་ལས་དོན་སྤེལ་བ་བརྒྱུད། ཁེ་ལས་ལ་གཞོཌ་འདེགས་ཧུར་ཐག་བྱས་ཏེ་དྲ་རྒྱའི་དོ་དམ་གྱི་ཞན་ཆ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་རོགས་བྱས་པ་དང་། ཁེ་ལས་ཀྱིས་དྲ་རྒྱའི་མ་ལག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་དྲ་རྒྱའི་བདེ་འཇགས་ལ་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད།

    སློབ་གྲྭའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་རྒྱུན་རྣམ་ཅན་མངོན་འགྱུར་ཡོང་ཆེད། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་ཉིང་ལག་རུ་ཁག་གིས་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི“དྲ་རྒྱའི་བདེ་འཇགས་ཉེན་དོན་ཁང”གི་འབྲེལ་ཟམ་འབྲེལ་ཐག་གི་ནུས་པ་གང་ལེགས་བཏོན་ཏེ། “དྲ་རྒྱའི་བདེ་འཇགས་ཉེན་དོན་ཁང”དང“དྲ་རྒྱའི་བདེ་འཇཌ་དང་བླངས་པ”ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད། ཉེན་རྟོག་པ་དང་སློབ་གྲྭའི་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་ཆེན་གྱི་དགེ་སློབ་ཚོར་དྲ་རྒྱའི་བདེ་འཇགས་སྐོར་གྱི་སློབ་སྦྱོང་ཁོར་ཡུག་དང་སློབ་སྦྱོང་དཔྱད་གཞི་མཁོ་འདོན་བྱས་པ་རེད།

    དྲ་རྒྱ་བདེ་འཇགས་དང་ལྡན་པར་བྱེད་པ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་པས། མི་ཚང་མ་དེའི་ནང་ཞུགས་དགོས་ཀྱི་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་སོགས་གོ་སྐབས་སུ་བྱས་ནས་སྡེ་ཁུལ་དང་། སློབ་ཆེན། ཤང་དང་གྲོང་རྡལ། གྲོང་ལྷན་སོགས་སུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇཌ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲཌ་དང་གསལ་འགྲེལ་ཧུར་ཐག་བྱས་པ་དང་། དྲ་རྒྱའི་བདེ་འཇགས་ཀྱི་རྨང་གཞིའི་ཤེས་བྱ་དང་རྒྱུན་མཐོང་གི་དྲ་རྒྱའི་བདེ་འཇགས་འཇིགས་སྐུལ་སོགས་ཀྱི་ནང་དོན་མང་ཚོཌ་ཀྱིས་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་དང་། ནུས་པ་ཆེ་རུ། ཆུ་ཚད་མཐོ་རུ་བཅས་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།