དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་སོག་རྫོང་གི“མེ་གསོད་རུ་མི”དང“གོས་དཀར་ལྷ་རྗེས”འཕྲལ་སྡོམ་རྩལ་ནུས་སྦྱོང་བརྡར་བྱས་པ།

    འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-25

    འདི་ནི་མེ་གསོད་རོགས་སྐྱོབ་མི་སྣས་སྨན་དོན་མི་སྣའི་སློབ་སྟོན་འོག་ནད་པ་དྲན་པ་གསོ་ཐབས་བྱེད་བཞིན་པ།

    འདི་ནི་བྱེད་སྒོར་ཞུགས་མཁན་རྣམས་མཉམ་པར་རྒྱག་བཞིན་པ།

    མེ་གསོད་རོགས་སྐྱོབ་དཔུང་ཁག་དང་སྨན་བཅོས་སྒྲིག་གཞིའི་མཐུན་སྦྱོར་དམག་འཐབ་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་འཕྲལ་སྡོམ་རོགས་སྐྱོབ་ཁྲོད་ཀྱི་ཕྱོགས་གཉིས་པོའི་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་དང་སོག་རྫོང་མི་དམངས་སྨན་ཁང་གིས“འཕྲལ་སྡོམ་རོགས་སྐྱོབ་དང་མེ་གསོད་རྩལ་ནུས་ཀྱི་སྤེལ་རེས་གསོ་སྦྱོང”བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཕྱོགས་གཉིས་ཀྱི་རྩལ་ནུས་གསོ་སྦྱོང་དང་དངོས་འཐབ་ནང་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད། སྨན་བཅོས་རོགས་སྐྱོབ་དང་མེ་གསོད་རོགས་སྐྱོབ་མཉམ་འདྲེས་གཏིང་ཟབ་བྱུང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    བྱེད་སྒོ་འགོ་མ་ཚུགས་གོང་། སོག་རྫོང་མེ་གསོད་རོགས་སྐྱོབ་རུ་ཁག་གིས་སོག་རྫོང་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ནས་མེ་ཟོན་བདེ་འཇགས་སྐོར་ཆེད་དོན་གསོ་སྦྱོང་བྱས་པ་རེད། སྨན་དོན་མི་སྣ་ཡོངས་ཀྱིས《སྨན་ཁང་གི་མེ་སྐྱོན་ཉེན་བརྡའི་སློབ་གསོའི་གློག་བརྙན》ལ་གཅིག་སྡུད་ཐོག་བལྟས་ཤིང་། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཕྱི་ནང་གི་སྨན་ཁང་དུ་ཐོན་པའི་མེ་སྐྱོན་དོན་རྐྱེན་གྱི་བསླབ་བྱ་བརྒྱུད། སྨན་ཁང་གི་འཛུགས་སྐྲུན་གྲུབ་ཆ་རྙོག་འཛིང་ཆེ་བ་དང་། མི་སྣ་རུབ་འདུས་ཆེ་བ། སྒྲིག་ཆས་མང་བ་སོགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་མེ་སྐྱོན་ཉེན་ཁའི་མངོན་མེད་ཉེན་ཁར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། སྨན་དོན་མི་སྣའི་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད། དེ་རྗེས་མེ་གསོད་རོགས་སྐྱོབ་མི་སྣས་སྨན་དོན་མི་སྣར་ས་གནས་ས་ཐོག་ཏུ་མེ་གསོད་རླངས་འཁོར་དང་ཡོ་བྱད་སོགས་རླངས་འཁོར་སྒྲིག་ཆས་ཀྱི་ནུས་པ་དང་བེད་སྤྱོད་བྱེད་སྟངས་སྐོར་ལ་འགྲེལ་བཤད་བརྒྱབ་པ་དང་། སྨན་ཁང་གི་གློག་ཤུགས་སྒྲིག་ཆས་དང་གསོ་རླུང་དམ་བི་སོགས་དམིགས་བསལ་སྒྲིག་ཆས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་གནད་འགག་ལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་མ་ཟད། སྨན་དོན་མི་སྣས་བཏོན་པའི“གཤགས་བཅོས་ཁང་གི་མེ་སྐྱོན་ཐག་གཅོད་བརྒྱུད་རིམ”དང“ཁ་འགྲེམས་དང་སྲོག་ཉེན་ལས་ཐར་ཐབས་ཀྱི་ལམ་ཐིག་འཆར་འགོད”སོགས་ཀྱི་གནད་དོན་ལ་ལན་ཞིབ་ཕྲའང་བཏབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།