ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གིས།
དགུན་དཔྱིད་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ།
འདི་ནི་ལྷ་ས་གྲོང་ཁྱེར་མེ་གསོད་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་མི་སྣས་ཚོང་པར་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་པ།
དགུན་དཔྱིད་ཀྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་འགོག་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གིས་དགུན་དཔྱིད་མེ་ཟོན་དྲིལ་བསྒྲགས་ལས་དོན་གྱི་གཙོ་གནད་དང་བསྟུན་པ་དང་གཙོ་གནད་མི་ཚོགས་ལ་དམ་པོར་དམིགས་ཏེ། དྲིལ་བསྒྲགས་ཐོན་ཁུངས་བསྡུ་སྒྲིལ་དང་། དྲིལ་བསྒྲགས་ཐབས་ལམ་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་གཏོང་བ། མེ་ཟོན་དྲིལ་བསྒྲགས་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ཏེ་དགུན་དཔྱིད་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།
ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་རུ་ཁག་གིས་སྒོ་རྩར་བསྐྱོད་དེ་དྲིལ་བསྒྲགས་དམ་འཛིན་བྱས་ཏེ་སྒེར་ཁང་དང་། ཁུལ་ཆུང་རྙིང་པ། བུ་བཅོལ་ཁང་། མི་ཧྲེང་རྒན་རྒོན་སོགས་གཙོ་གནད་ཁྱབ་ཁོངས་དང་མི་ཚོགས་ལ་དམིགས་པ་མ་ཟད། མེ་གསོད་དང་བླངས་ཞབས་ཞུ་རུ་ཁག་དང་གཞི་རིམ་གྱི་དྲ་མི་སྐུལ་སློང་ཧུར་ཐག་བྱས་ནས་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། རིགས་པའི་གཞུང་ལུགས་འགྲེལ་བཤད། གྱོད་དཔེར་དབྱེ་ཞིབ། ས་གནས་ས་ཐོག་གི་ཉེན་ཁར་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ་མང་ཚོགས་ལ་མེ་སྐྱོན་སྔོན་འགོག་དང་། མེ་གློག་དང་སོལ་རླངས་བདེ་འཇགས་ངང་སྤྱོད་པ། ཤོག་སྦག་བདེ་འཇགས་ངང་སྤྱོད་པ། མེ་ཤོར་ས་ནས་ཐར་ཐབས་སོགས་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་ཁོང་དུ་ཆུད་པར་བྱས་ཏེ་ཉེན་ཁ་ཤེས་རྟོགས་དང་དེ་ལས་གཡོལ་བའི་ནུས་པ་ཆེ་རུ་བཏང་བ་རེད།