དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲིམས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་དྲང་ནུས་གཅིག་ཏུ་བསྒྲིལ་བ།

    རང་ལྗོངས་ཀྱིས་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-19

    ན་ནིང་གི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཅིག་པའི་རིང་། རང་ལྗོངས་ཀྱིས་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་ཐེངས་6000ལྷག་ཙམ་སྤེལ་བ་དང་དྲིལ་བསྒྲགས་དཔྱད་ཡིག་ཁྲི་61.34ལྷག་ཙམ་སྤྲད་པར་སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་ཁྲི་223ལྷག་ཙམ་ཟིན་ཡོད་པ་རེད།

    “ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་བ་རེད” རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། རྩ་ཁྲིམས་དྲིལ་བསྒྲགས་དང་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། རྩ་ཁྲིམས་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ནས་སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་ཁྲིམས་སྲུང་བ་དང་། ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་དར་སྲོལ་བཟང་པོ་ཆགས་པར་བྱས་ཡོད་པ་རེད།

    ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་དེ་མང་ཚོགས་དང་ཉེ་བཅར་བྱུང་བ་དང་མི་སེམས་ལ་ཟུག་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་གཞིས་རྩེའི་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་མཐའ་མཚམས་ཀྱི་རྫོང་དང་ཆུས་སུ“ཁྲིམས་ཀྱིས་དམངས་སེམས་གསོ། ཁྲིམས་སྐྱོང་གིས་གཡས་གཞོགས་གཡོན་འདེཌ་བྱེད་པའི”གཞི་རིམ་དུ་ཁྲིམས་སྐྱོང་རིག་རྩལ་བྱེད་སྒོ་སྤེལ་ཏེ། “ཁྲིམས་སྐྱོང་དང་རིག་རྩལ”ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་སྒོ་རྩར་ཁྲིམས་སྐྱོང་ཞབས་ཞུ་སྤེལ་བ་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དྲིལ་བསྒྲགས་བྱས་པས་མང་ཚོགས་ཀྱིས་གོ་ཐུབ་པ་དང་། ཤེས་ཐུབ་པ། ངེས་ཐུབ་པ། སྤྱོད་ཐུབ་པ་བཅས་བྱུང་ཡོད་པ་རེད།

    2024ལོར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན། ཁྲིམས་ལུགས་ཁྱབ་གདལ་གཏོང་སྟངས་གསར་གཏོད་བཅས་བྱས་ཏེ། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་བཞིན་བཅོས་སྐྱོང་གི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་བཀུར་ཁྲིམས་སྐྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་རིམ་བཞིན་ཟབ་ཏུ་དང་། སྤྱི་ཚོགས་བཅོས་སྐྱོང་ནུས་པ་རྒྱུན་མཐུད་ཇེ་མཐོར། མང་ཚོགས་ཀྱི་ཁྲིམས་སྐྱོང་ཐོབ་སྣང་ཆེ་རུ་ཏན་ཏིག་བཅས་ཕྱིན་ཡོད་པ་རེད།

    བསྡོམས་རྩིས་རགས་ཙམ་བརྒྱབ་པ་ལྟར་ན། 2024ལོར་ལྗོངས་ཡོངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི་3.17ལྷག་ཙམ་སྤེལ་བ་དང་དྲིལ་བསྒྲགས་དངོས་རྫས་དང་དཔྱད་ཡིག་ཁྲི་466ལྷག་ཙམ་སྤྲད་པར་མང་ཚོགས་མི་ཐེངས་ཁྲི་421ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

    མི་དམངས་འདུམ་འགྲིག་པས་རྩོད་གཞི་ཐག་གཅོད་བྱས་པར་སྤུས་འབྲས་ལེགས་གཉེར་བྱུང་བ།

    2024ལོའི་ཟླ་9པར། མངའ་རིས་ས་ཁུལ་སྒར་རྫོང་གི“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ལ་དངུལ་གྲངས་སྒོར་དུང་ཕྱུར་1.1ཟིན་པའི་ངལ་ལས་རྩོད་གཞི་འདུམ་འགྲིག་གི་རེ་ཞུ་ཞིག་འབྱོར། འདུམ་འགྲིག་ལྟེ་གནས་ཀྱིས་འཕྲལ་དུ་ཆེད་དོན་འདུམ་འགྲིག་ཚོགས་ཆུང་བཙུཌ་ཏེ། འདུམ་འགྲིག་པ་ནོར་བུ་ཆོས་འཕེལ་དང་བདེ་སྐྱིད་ཀུན་འཛོམས་ཀྱིས་རུ་སྣེ་ཁྲིད་ནས་རྩོད་གཞིའི་འབྱུང་རྐྱེན་ཤེས་རྟོཌ་གཏིང་ཟབ་བྱས་པ་རེད།

    ཤེས་རྟོགས་བྱས་པ་བརྒྱུད། རེ་འདུན་ཞུ་མི་བོད་ཀྱི་ཨར་སྐྲུན་ཀུང་སི་ག་གེ་མོ་སོགས་ཚན་པ་18དང་རེ་འདུན་འདོན་ཡུལ་ཀུའེ་ཀྲོའུ་ཡི་ཨར་སྐྲུན་བཟོ་ལས་ཚོགས་པ་ག་གེ་མོ་དང་དེ་བཞིན་སྲིད་འཛིན་ཚན་པ་ག་གེ་མོའི་དབར་ངལ་ལས་གླ་ཕོགས་དང་། ལས་གྲྭའི་སྤུས་ཚད། གན་རྒྱ་ལག་བསྟར་སོགས་ཐད་མི་མཐུན་པའི་ཆ་ཚབས་ཆེན་ཡོད་པ་ཤེས་རྟོགས་བྱུང་བ་རེད། འདུམ་འགྲིག་པ་གཉིས་ཀྱིས་ཕྱོགས་མང་མཐུན་སྦྱོར་བྱས་པ་བརྒྱུད། མཐར་དོ་བདག་ཕྱོགས་གསུམ་གྱིས་རང་མོས་ངང་འདུམ་འགྲིག་གྲོས་མཐུན་བཞག་པ་མ་ཟད། སྒར་རྫོང་མི་དམངས་ཁྲིམས་ཁང་ལ་ཁྲིམས་འཛིན་ངོས་བཟུང་ཡི་གེ་རེ་ཞུ་བྱས། དེས་ན་ངལ་ལས་རྩོད་གཞི་འདི་ཐག་གཅོད་ཡག་པོ་བྱུང་ཡོད། མིག་སྔར་ལྗོངས་ཡོངས་སུ་ཆེད་ལས་དང་ཞོར་ལས་ཀྱི་མི་དམངས་འདུམ་འགྲིག་པ་ཁྲི་4.2ཙམ་ཡོད་པའི་ནང་ཆེད་ལས་མི་དམངས་འདུམ་འགྲིག་པ་1559ཡོད་པ་རེད།

    2024ལོའི་ཟླ་1པོ་ནས་11པའི་བར། ལྗོངས་ཡོངས་ཀྱི་མི་དམངས་འདུམ་འགྲིག་རྩ་འཛུགས་དང་མི་དམངས་འདུམ་འགྲིག་པས་འགལ་བ་དང་རྩོད་གཞི་ཁྲི་15.28ལྷག་ཙམ་གྲལ་བཤེར་བྱས་པའི་ནང་འགལ་བ་དང་རྩོད་གཞི་11462འདུམ་འགྲིག་བྱས་པ་དང་། འདུམ་འགྲིག་ལེགས་གྲུབ་བྱུང་ཚད་95%ཟིན་པ། འདུམ་འགྲིག་གྲོས་མཐུན་གྱི་འབྲེལ་ཡོད་དངུལ་གྲངས་སྒོར་དུང་ཕྱུར་8.3ལྷག་ཙམ་ཟིན་པས། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་མི་དམངས་འདུམ་འགྲིག་གི“འགོག་སྲུང་འཛིང་རགས་དང་པོའི”ནུས་པ་སྔར་བས་མངོན་ཡོད་པ་རེད།

    ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་ཤུགས་ཆེ་བ་དང་བརྩེ་བས་ཁེངས་པ།

    2024ལོའི་ཟླ་11ཚེས་8ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྲིད་འཛིན་བསྐྱར་གྲོས་གཞུང་ལས་ཁང་གི་སྒོ་བྱང་བཀལ་བ་རེད། དེར་བརྟེན་ལྗོངས་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་གཅིག་གྱུར་བདག་སྤྲོད་དང་། གཅིག་གྱུར་ཞིབ་གཅོད། གཅིག་གྱུར་ཐག་གཅོད། གཅིག་གྱུར་སྐྱེལ་སྤྲོད་བཅས་མངོན་འགྱུར་བྱུང་བ་རེད།

    སྲིད་འཛིན་ཁྲིམས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་སྲིད་འཛིན་ཁྲིམས་སྒྱུར་གྱི་ལམ་ལུགས་གསུམ་དང་སྲིད་འཛིན་ཁྲིམས་སྒྱུར་གྱི་སྤུས་ཚད་མཐོར་གཏོང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། སྲིད་འཛིན་ཁྲིམས་སྒྱུར་མཐུན་སྦྱོར་ལྟ་སྐུལ་ལས་དོན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་ཁག་10འདོན་རྒྱུར་སྐུལ་འདེད་བཏང་བ་མ་ཟད། 《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》འདོན་རྒྱུར་སྐུལ་འདེད་ཀྱང་བཏང་བ་རེད། དེ་དང་ཆབས་ཅིག་སྲིད་འཛིན་ཁྲིམས་སྒྱུར་གྱི་གྱོད་གཞིའི་ཡིག་ཚགས་གཅིག་སྡུད་ཞིབ་བཤེར་དང་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་གི་བྱེད་སྒོ་བཀོད་སྒྲིག་བྱས་ནས་སྤེལ་བ་དང་འབྲེལ། “དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ། ཁྲིམས་རྩོད་པ་དང་ཁེ་ལས་ལག་གདང་སྦྲེལ་ནས་མཉམ་དུ་འགྲོགས”དང“སྲིད་འཛིན་བསྐྱར་གྲོས་ཀྱིས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་ནས། 《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དོན་ཚན་50》དོན་འཁྱོལ་བྱེད་པར་མུ་མཐུད་སྐུལ་འདེད་བཏང་བ་རེད།

    གཞན་ཡང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ད་དུང་དང་བླངས་ཁྲིམས་རྩོད་པ་དང་ཁྲིམས་དཔང་བོད་དུ་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུ་བར་ཡོང་རྒྱུར་མཐུན་སྦྱོར་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན། ཉེན་རྟོག་དཔོན་བཅས་3069དང་ཁྲིམས་རྩོད་པ་652ཀྱིས་གྲོང་ཚོའི(གྲོང་ལྷན)བཅའ་ཁྲིམས་བློ་འདྲི་བའི་འགན་ཁུར་བ་རེད།

    དུས་རབས་གསར་པའི་ལོ་རྒྱུས་ཀྱི་འགོ་འཛུགས་སར་རང་ལྗོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གིས་འགན་ནུས་ཁག་མུ་མཐུད་ལག་བསྟར་ཡག་པོ་བྱས་ཏེ། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།