དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དོན་གྲུབ་ཚེ་རིང་གིས་བརྗོད་དོན།

    “ངས་བྱས་པ་ཚང་མ་མི་དམངས་ཉེན་རྟོག་པས་བྱེད་དགོས་པ་ཤ་སྟག་རེད”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-02-11

    “ངས་བྱས་པ་ཚང་མ་མི་དམངས་ཉེན་རྟོག་པས་བྱེད་དགོས་པ་ཤ་སྟག་རེད” དིང་རི་རྫོང་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོ་ནས་གསར་འགོད་པར་གེགས་སེལ་དངོས་ཟོག་བསྡུ་གསོག་རྒྱག་བཞིན་པའི་དིང་རི་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དོན་གྲུབ་ཚེ་རིང་ཐུག་བྱུང་། ས་ཡོམ་བརྒྱབ་པའི་རྗེས། དོན་གྲུབ་ཚེ་རིང་གིས་ལས་རོགས་ཚོ་དང་མཉམ་དུ་འཕྲལ་མར་གནོད་འཚེ་ཕོག་ཁུལ་ལ་བསྐྱོད་དེ། ཉེན་སེལ་རོགས་སྐྱོབ་དང་། འགྲིམ་འགྲུལ་ཁ་འགྲེམས། བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལས་དོན་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཏན་ཏིག་བསྲུངས་ཏེ་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་བྱས་ཡོད། འདི་ནི་དོན་གྲུབ་ཚེ་རིང་ཡིན་པ།

    “ཉེ་ཆར། ང་ཚོས་མང་ཚོགས་མང་པོར་རོགས་སྐྱོབ་བྱས་པ་མ་ཟད། གུར་ཕུབ་པ་དང་ཉལ་ཆས་དང་ལྟོ་ཆས་སོགས་འཚོ་བའི་མཁོ་ཆས་འདང་ངེས་སྤྲད་པས། མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་རྒྱུ་བྱུང་སོང”ཞེས་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་དོན་གྲུབ་ཚེ་རིང་གིས་མིག་རྩ་དམར་པོར་གྱུར་ནའང་ལས་ཀའི་སྐོར་གླེང་སྐབས་སེམས་ཤུགས་ཀྱིས་ཁེངས་བཞིན་དེ་ལྟར་བཤད་པ་དང་། ཁོང་གིས“ང་ཚོས་གསང་སྤྱོད་དང་། རླངས་འཁོར་འཇོག་ས་བརྒྱབ་ནས་བཀོད་སྒྲིག་བྱ་ཡུལ་དུ་སྔར་བས་གོ་རིམ་ལྡན་པར་བྱས་པ་ཡིན”ཞེས་བློ་རྩ་བརྟན་པོ་དང་སྙིང་སྟོབས་ཀྱིས་ཁེངས་བཞིན་དུ་བཤད།

    དོན་གྲུབ་ཚེ་རིང་ནི་ད་རེས་ཀྱི་ཡོམ་འགོག་གེགས་སེལ་ཁྲོད་ཀྱི་གཞི་རིམ་སྤྱི་བདེའི་མི་དམངས་ཉེན་རྟོག་པའི་དཔེ་མཚོན་ཙམ་རེད། དིང་རི་རྫོང་དང་གཏིང་སྐྱེས་རྫོང་སོགས་ཀྱི་སྤྱི་བདེའི་དཔུང་ཁག་ཏུ་ད་དུང་ས་གནས་གཞན་གྱི་མི་མང་པོ་ཡོད། ས་ཡོམ་བརྒྱབ་པའི་རྗེས། ཁོང་ཚོས་ཁྱིམ་ཆུང་དོར་ནས་ཁྱིམ་ཚང་ཆེན་པོར་ལྟ་རྟོག་བྱས་ནས་ཉིན་མཚན་དབྱེར་མེད་དུ་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་སེམས་ཐག་གཙང་བཅད་ཀྱིས་ཞུགས་ཡོད།

    རིམ་རྩིས་བརྒྱབ་ན། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་གནོད་འཚེ་ཕོག་ཁུལ་དུ་མི་དམངས་ཉེན་རྟོག་པ་1155ནུས་ཤུགས་ཡོད་རྒུས་ཉེན་སེལ་གེགས་སྐྱོབ་དང་། འགྲིམ་འགྲུལ་ཁ་འགྲེམས། བདེ་འཇགས་བཅོས་སྐྱོང་སོགས་ཀྱི་ལས་དོན་སྒྲུབ་པར་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།