བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས།
2025ལོའི་ལོ་འཁོར་གྱི་སྦྱོང་བརྡར་འགོ་ཚུགས་ཀྱི་སྐུལ་སློང་ཚོགས་ཆེན་འཚོགས་པ།
འདི་ནི་དཔོན་དམག་ཚོ་སྦྱོང་བརྡར་བྱེད་བཞིན་པ།
འདི་ནི་སྦྱོང་བརྡར་འགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་འཚོག་ཡུལ་ཡིན་པ།
ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་2025ལོའི་ལོ་འཁོར་གྱི་སྦྱོང་བརྡར་འགོ་ཚུགས་ཀྱི་སྐུལ་སློང་ཚོགས་ཆེན་འཚོགས་ནས་མང་ཚོགས་རང་བཞིན་གྱི་དམག་སྦྱོང་དང་དྲག་རྩལ་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད།
སྐུལ་སློང་ཚོགས་ཆེན་མཇུག་འགྲིལ་བ་དང་བསྟུན་ནས་སྦྱོང་བརྡར་ར་བར་འཐབ་རྩལ་གྱི་རྨང་གཞིའི་སྦྱོང་བརྡར་དང་། ལག་འབོམ་གཡུག་པ། ཡང་བའི་མཚོན་ཆ་བཀོལ་བ་སོགས་ཀྱི་སྦྱོང་བརྡར་མགྱོགས་མྱུར་གོ་ཚུགས་ཤིང་། བཀའ་འབྱོར་མ་ཐག་དཔོན་དམག་ཚོ་དམག་འཐབ་ལ་ཞུགས་པས་སྦྱོང་བརྡར་ར་བར་དེ་མུར་རྒྱོབ་གསོད་ཀྱིས་སྒྲས་ཁེངས་པ་དང་། དེ་ལས་དཔོན་དམག་ཚོའི་སྦྱོང་བརྡར་གྱི་སྤྱོད་ཚུལ་དང་དམག་དོན་བྱང་ཚད་གང་ལེགས་མངོན་ཡོད།
དཔུང་སྡེ་དེས་བྱེད་སྒོ་མཇུག་འགྲིལ་རྗེས་ས་གནས་ས་ཐོག་ཏུ་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་མ་ཟད། ཨང་རིམ་ཐོབ་པ་དང་ཟིན་ཐོ་བཏོད་པའི་མི་སྒེར་ལ་བྱ་དགའ་སྤྲད་པ་རེད།