ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་གི་ནང་སྦྱོང་བྱས་པ།
འདི་ནི་མེ་ཟོན་དཔུང་སྡེས་མང་ཚོགས་ལ་མེ་སྐྱོན་སྔོན་འགོག་བྱེད་སྟངས་དང་མེ་གསོད་སྟངས་སློབ་བཞིན་པ།
ནགས་ཚལ་གྱི་མེ་སྐྱོན་ལ་ཁ་གཏད་གཅོག་པ་དང་སེལ་བའི་ནུས་པ་སྔར་བས་ཆེ་རུ་བཏང་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་ཆེད། ཉེ་ཆར་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་དཔུང་ཁག་ཧྲག་པོ་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དུ་བཅའ་སྡོད་ལ་མངགས་ཏེ་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཀྱི“གདོང་ལེན་དཔུང་སྡེའི་ས་ཚིགས”བསྐྲུན་ཡོད། གཞན་ཡང་།“119”མེ་ཟོན་དྲིལ་བསྒྲགས་ཉིན་མོར་རུ་ཁག་དེའི་བཅའ་སྲུང་དཔུང་སྡེས་ད་དུང་དཔལ་འབར་རྫོང་འཕྲལ་སྡོམ་དོ་དམ་ཅུས་དང་། རང་བྱུང་ཐོན་ཁུངས་ཅུས། ནགས་ཚལ་དང་རྩྭ་ཐང་ཅུས། མཚོ་ཁ་གྲོང་རྡལ་བཅས་དང་མཉམ་དུ་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ་དང་ཆབས་ཅིག་ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་བྱེད་སྒོ་ཡང་སྤེལ་ནས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཀྱི་རྩལ་ནུས་ཁྱབ་གདལ་བཏང་བ་རེད།