ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་གསོད་མེ་ཟོན་མཉམ་འབྲེལ་ལས་དོན་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱས་པ།
མེ་ཟོན་བདེ་འཇགས་འགན་ལེན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་མེ་སྐྱོན་སྔོན་འགོག་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་མཐུན་སྦྱོར་དམག་འཐབ་ནུས་པར་ཤུགས་སྣོན་རྒྱག་ཆེད། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག(གཤམ་དུ“ཉིང་ལག་རུ་ཁག”ཅེས་བསྡུ་རྒྱུ)གིས་མེ་གསོད་མེ་ཟོན་མཉམ་འབྲེལ་ལས་དོན་ལ་དམིགས་ནས་ཐབས་མང་མཉམ་སྤྱོད་དང་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ། ཁོངས་གཏོགས་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་བཏང་བ་རེད།
མཐོ་གནས་སྤྱི་འདོམས་བཀོད་སྒྲིག་བྱས་ནས་ལས་འགན་ཁག་བགོས་ཞིབ་ཕྲ་བཟོས་ཤིང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ངོས་ཀྱི་མེ་སྐྱོན་གནས་ཚུལ་དང་དཔུང་ཁག་ནང་ཁུལ་གྱི་མེ་ཟོན་ལྟ་སྐུལ་སྟོབས་ཤུགས་གྲུབ་ཚུལ་ལ་དཔྱད་བསྡུར་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ཉིང་ལག་རུ་ཁག་ཏང་ཨུད་ཀྱིས“སྣེ་ཁྲིད་པའི”ནུས་པ་གང་ལེགས་བཏོན་ནས། སྔ་རྗེས་སུ་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་པ་དང《ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་མེ་གསོད་མེ་ཟོན་མཉམ་འབྲེལ་ལས་དོན་ཇུས་གཞི》སོགས་བཀྲམ་སྟེ། ལས་ཀའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཡོད། དེ་དང་ཆབས་ཅིག་མེ་གསོད་མེ་ཟོན་མཉམ་འབྲེལ་ལས་དོན་འགོ་ཁྲིད་སྒྲིག་གཞི་བཙུགས་ནས་དུས་བཀག་ལྟར་གནས་ཚུལ་ལ་དཔྱད་བསྡུར་དང་། གྲོང་ཁྱེར་ཡོངས་སུ་མེ་གསོད་མེ་ཟོན་མཉམ་འབྲེལ་ལས་དོན་སྤེལ་བར་མཛུབ་ཁྲིད། མེ་གསོད་མེ་ཟོན་ལས་དོན་མཉམ་དུ་སྤེལ་བ་བཅས་བྱས་ཏེ། དམིགས་ཚད་ལས་འགན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།
སློབ་ཁྲིད་ཀྱི་ལག་ལེན་གཏིང་ཟབ་ཏུ་བཏང་ནས་ཕྱོགས་བསྡུས་ཀྱི་ནུས་པ་ཆེ་རུ་བཏང་ཞིང་། ཉིང་ལག་རུ་ཁག་གིས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལས་དོན་གོ་སྐབས་སུ་བཟུང་ནས་མེ་ཟོན་ཞིབ་བཤེར་པས་སྣེ་ཁྲིད་དང་། ས་གནས་ས་ཐོག་ཏུ་སློབ་ཁྲིད་དང་ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད། མེ་ཟོན་བཀོད་འཐབ་པའི་མེ་ཟོན་བདེ་འཇགས་ཞིབ་བཤེར་ལས་དོན་སྤེལ་བའི་ཆུ་ཚད་མཐོ་རུ་བཏང་བ་རེད།
རྒྱུས་ལོན་ནང་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་འཐབ་ཀྱི་ཆུ་ཚད་ཆེ་རུ་བཏང་ཞིང་། ཉིང་ལག་རུ་ཁག་གིས་རྒྱུས་ལོན་ནང་སྦྱོང་དང་མེ་གསོད་མེ་ཟོན་མཉམ་འབྲེལ་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ“རྒྱུས་ལོན་དྲུག”རྨང་གཞིར་བྱས་ནས། སྡེ་ཚན་ནང་ཁུལ་གྱི་རང་འགུལ་ཆུ་གཏོར་མ་ལག་དང་། ཁང་པའི་ཕྱི་ནང་གི་མེ་གསོད་ཡོ་ཆས། མེ་ཟོན་རླངས་འཁོར་གྱི་འགྲོ་ལམ། མེ་ཟོན་ཆུ་ཁུངས་སོགས་ལ་གྲལ་བཤེར་ཞིབ་ཚགས་བྱས་ཏེ“གཞི་གྲངས་གསལ་པོ་དང་གནས་ཚུལ་གསལ་པོ”དངོས་སུ་སྒྲུབ་ཐུབ་པ་བྱས་ཡོད། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དངོས་འཐབ་ནང་སྦྱོང་བྱེད་པ་དང་། མེ་སྐྱོན་ཐོན་སའི་མྱུལ་ཞིབ་དང་། ཁང་པའི་ནང་ངོས་ཀྱི་མེ་གསོད་པ། དེ་བཞིན་ཁ་འགྲེམས་མི་སྐྱོབ་སོགས་ནང་སྦྱོང་གི་ལྷུ་ཚིགས་འདྲ་བཟོ་བྱེད་པ། སྒྲིག་ཆས་ཀྱི་ནུས་པར་ཚད་ལེན་ཚོད་ལྟ་བྱེད་པ་དང་། རིམ་པ་ཁག་གི་དམག་འཐབ་སྟོབས་ཤུགས་སྒྲིག་འཛུགས་ཚད་ལྡན་དུ་གཏོང་བ། རང་སོ་སོའི་ལས་འགན་ཁག་བགོས་ཁ་གསལ་བཅས་བྱས་ནས་མཐུན་སྦྱོར་དམག་འཐབ་ནུས་པ་སྔར་བས་ཆེ་རུ་བཏང་བ་རེད།
དྲིལ་བསྒྲགས་སློབ་གསོ་གནད་འཁེལ་ཡོང་བ་བྱས་ནས་བདེ་འཇགས་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་ཞིང་། ཉིང་ལག་རུ་ཁག་གིས་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་དེ་མེ་གསོད་མེ་ཟོན་མཉམ་འབྲེལ་ལས་དོན་གྱི་ལྷུ་ཚིགས་ཁག་ནང་ཁྱབ་པར་བྱས་ནས། རྒྱུན་གཏན་གྱི་མེ་ཟོན་སྐོར་ཞིབ་དང་རྒྱུས་ལོན་ནང་སྦྱོང་བྱེད་པ་དང་ཆབས་ཅིག་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་བཏང་བ་རེད། མེ་ཟོན་བཀོད་འཐབ་པས་ཐད་ཀར་སྤྱི་ཚོགས་སྡེ་ཚན་དང་སྤྱི་དམངས་ལ་དམིགས་ཏེ་མེ་ཟོན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་འབྲེལ། མེ་ཟོན་དང་། མེ་གསོད། དེ་བཞིན་ཁ་འགྲེམས་ཉེན་གཡོལ་བཅས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།