ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དམངས་ལ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པ།
འདི་ནི་ལྷ་ས་གྲོང་ཁྱེར“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པ”ཁོངས་གཏོགས་ཁུལ་དུ་བསྐྱོད་ནས་དགུན་དུས་དང་དཔྱིད་དུས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པ”ཁོངས་གཏོགས་ཁུལ་དུ་བསྐྱོད་ནས་གློག་སྒུལ་སྦག་སྦག་གི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དགུན་དུས་དང་དཔྱིད་དུས་ཀྱི་མེ་སྐྱོན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་དང་། གཙོ་གནད་ས་ཆ་དང་གཙོ་གནད་མི་ཚོགས་ལ་དམིགས་པ། མེ་ཟོན་དྲིལ་བསྒྲགས“ཁྱབ་སྤེལ་དྲུག”གི་ལས་དོན་ལ་བརྟེན་ནས་མེ་གསོད་དྲིལ་བསྒྲགས་ལས་དོན་སྣ་མང་སྤེལ་ནས་མེ་ཟོན་བདེ་འཇགས་ཡོང་བའི་འགན་ལེན་བྱས་པ་རེད།
གསོ་སྦྱོང་དང“སྒོ་རྡུང་ཁྱིམ་སྐྱོད”དེ་དམ་འཛིན་བྱ་གཞིར་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་མི་ཚོགས། གཙོ་གནད་ལས་གནས་བཅས་ལ་གཞིགས་ནས་རིགས་པའི་གཞུང་ལུགས་ཀྱི་གསལ་འགྲེལ་དང་། གྱོད་དཔེ་དབྱེ་ཞིབ། དངོས་སྦྱོང་གསོ་སྦྱོང་སོགས་ལ་བརྟེན་ཏེ་དགུན་དུས་དང་དཔྱིད་དུས་ཀྱི་དཔེ་མཚོན་མེ་སྐྱོན་གྱི་གྱོད་དཔེ་ནས་མེ་སྐྱོན་བྱུང་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། དྲ་ཐོག་དང་དྲ་ཕྱི་ནས་མང་ཚོགས་ལ་རྒྱུན་མཐོང་གི་མེ་སྐྱོན་སྔོན་འགོག་དང་། མེ་གློག་སོལ་རླངས་བཅས་བདེ་འཇགས་ངང་སྤྱོད་པ། ཤོག་སྦག་བདེ་འཇགས་ངང་རྒྱག་པ། མེ་སྐྱོན་ཐོན་ས་ནས་རང་སྐྱོབ་བྱེད་པ་སོགས་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་ཁོང་དུ་ཆུད་པར་སློབ་གསོ་དང་ཁྲིད་སྟོན་རྒྱ་ཁྱབ་བྱས་པ་རེད།