དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁའི་ཞིབ་དཔྱོད་ལས་ཁུངས་ཀྱིས་བུད་མེད་ཀྱི་ཁེ་དབང་སྲུང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-03

    བུད་མེད་ཀྱི་ཁེ་དབང་ལ་དེ་བས་འགན་སྲུང་དང་། མི་ཚེ་དེ་བས་དོན་སྙིང་ལྡན་པ། འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་ཡོང་ཆེད། ན་ནིང་ནས་བཟུང་། ལྷོ་ཁའི་ཞིབ་དཔྱོད་ལས་ཁུངས་ཀྱིས“ཞིབ་དཔྱོད་ཀྱིས་དམངས་འཚོར་སྲུང་སྐྱོང་བྱེད”ཅེས་པའི་ཆེད་དོན་བྱ་སྤྱོད་སྤེལ་རིང་། བུད་མེད་ཀྱི་ཁེ་དབང་སྲུང་བའི་ལས་དོན་དམ་འཛིན་བྱ་གཞིར་བྱས་ཏེ། གཞི་གཅིག་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས། ཆེད་དོན་ལྟ་སྐུལ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    2024ལོར། ལྷོ་ཁའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྔ་རྗེས་སུ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་ལས་ལམ་སྲོལ་བཟོས་པ་དང་། ཡིག་ཆར་མིང་རྟགས་བཀོད་པ་མ་ཟད། ཆེད་ལས་ལག་རྩལ་གྱི་ཉམས་མྱོང་ལྡན་པ་དང་སྤྱི་ཕན་བྱ་གཞག་ལ་སེམས་རྩ་འཁོལ་བའི་བུད་མེད་དང་བླངས་པ་6གདན་དྲངས་པ་དག་གི་ནུས་པ་བཏོན་ཏེ། བུད་མེད་ངལ་རྩོལ་པའི་ལས་ཞུགས་ཁེ་དབང་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་གྱི་ཁུངས་སྣེ་འཚོལ་ཞིབ་དང་། གྱོད་སྒྲུབ་བྱེད་སྒོར་ཞུགས་ནས་ཆེད་ལས་བློ་འདྲི་མཁོ་འདོན་དང་གྱོད་སྒྲུབ་གནད་སྨིན་བྱེད་རོགས་བྱས་ཡོད།

    “སྤྱི་དོན་ཕན་སེམས”ཀྱི་དང་བླངས་པའི་ནུས་པ་གང་ལེགས་འདོན་པ་དང་ཆབས་ཅིག གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བཟོ་ཚོགས་སོགས་རྩ་འཛུགས་དང་མཉམ་དུ་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོ་དང་བཞུགས་མོལ་ཚོགས་འདུ་སོགས་འཚོགས་ནས། བུད་མེད་ངལ་རྩོལ་པ་སོགས་གཙོ་གནད་ཚོགས་སྤྱིར་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད། ན་ནིང་ནས་བཟུང་། ལྷོ་ཁའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོ་དང་། བཞུགས་མོལ་ཚོགས་འདུ། ངོ་གཏུག་གདོང་འཕྲད་ཀྱི་སྤེལ་རེས་བཅས་ལ་བརྟེན་ནས། བུད་མེད་སྤུན་ཟླ་ཚོར་བཅའ་ཁྲིམས་བློ་འདྲི་ཐེངས་10ལྷག་ཙམ་དང་བསམ་འཆར་ཁག་5བསྡུ་རུབ་བྱས་ཡོད།

    ཞུ་གཏུག་ལ་རྒྱབ་སྐྱོར་དང་། ཁྲིམས་འཛིན་རོགས་སྐྱོབ། ཞིབ་དཔྱོད་གྲོས་འགོ་སོགས་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་པས། བུད་མེད་ཚང་མ་བློ་བདེ་པོས་འབད་འཐབ་ལ་གཞོལ་བར་རོགས་རམ་བྱས་ཡོད། ན་ནིང་ནས་བཟུང་། ཞིང་པ་བུད་མེད་ལས་མི་26དང་འབྲེལ་བའི་གྱོད་གཞི་ཁག་16བསྒྲུབས་པ་དེ་མ་དངུལ་སྒོར་ཁྲི་26.54ལྷག་ཙམ་དང་འབྲེལ་བ་ཡོད། སྣེ་གདོང་དང་། འཕྱོངས་རྒྱས། གྲ་ནང་། ཟངས་རི་སོགས་རྫོང་དང་ཆུས་ཀྱི་གཞི་རིམ་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱི་འགན་ནུས་ཧུར་ཐག་བཏོན་ཏེ། ཞུ་གཏུག་ལ་རྒྱབ་སྐྱོར་དང་གཏུག་བཤེར་མ་བྱས་གོང་འདུམ་འགྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ངང་སྤྱད་དེ། ཞིང་པ་བུད་མེད་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གིས་བུད་མེད་ཞིང་པ་ལས་མི་དང་འབྲེལ་བའི་གྱོད་གཞི་ཁག་16ཚང་མ་འདུམ་འགྲིག་ཐུབ་པར་སྐུལ་འདེད་བཏང་སྟེ། ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བུད་མེད་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་ཏན་ཏིག་བསྲུངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།