དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • སྐོར་གཡེང་ཧུར་ཐག་བྱས། མཐའ་མཚམས་སྲུང་བར་འབད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-03

    འདི་ནི་བོད་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་གིས་སྐོར་གཡེང་བྱེད་བཞིན་པ།

     ཉིན་ཤས་གོང་། བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་དཔོན་དམག་ཚོས་སྔར་བཞིན་འཐབ་གནས་བརྟན་པོར་བསྲུངས་ཏེ། ལོ་གསར་པའི་ཉི་འོད་དང་པོ་བསུས་ནས་རྒྱུན་གཏན་ལྟར་སྐོར་གཡེང་གི་ལམ་བུར་བསྐྱོད། འགྱུར་མེད་བརྟན་སྲུང་གིས་ལོ་གསར་པར་བསུ་བ་ཞུ་བ་ནི་དཔོན་དམག་ཚོས་མི་དམངས་མང་ཚོགས་ལ་ཕུལ་བའི་ལོ་གསར་གྱི་ལག་རྟགས་ཡག་ཤོས་རེད།

    སྐོར་གཡེང་ཡན་ལག་རུ་ཁག་གིས་ཞོགས་པའི་ཉི་གཞོན་བསུ་ཞོར་གྲང་རླུང་ལ་མ་འཛེམས་པར་མཐོ་གྲང་དང་གསོ་རླུང་དཀོན་པའི་ཚོད་བགམ་ཁྱད་དུ་བསད་དེ། ས་བབ་སྨི་5200ཟིན་པའི་གནས་ཤིག་ཏུ་བསྐྱོད། སྐོར་གཡེང་གི་ལམ་ཐག་ཧྲིལ་པོར་སྤྱི་ལེ་60ལྷག་ཙམ་དང་ས་བབ་ཀྱི་ཧེ་བག་སྨི་1000ཙམ་ཡོད་ཅིང་། ལམ་བར་དུ་འཁྱགས་རོམ་བརྒལ་བ་དང་། འཁྱགས་ཀླུང་དང་རི་མཐོ་གཡང་གཟར་སྒྲོལ་དགོས་པས། གསོ་རླུང་མི་འདང་བ་དང་། འགྲོ་ལམ་ཐོག་མདུན་སྐྱོད་དཀའ་བ། གནམ་གཤིས་འགྱུར་ལྡོག་ཆེ་བ་སོགས་ཀྱི་དཀའ་ངལ་འཕྲད་ཡོད།

    “ད་ལོ་ནི་ང་དམག་དཔུང་ནང་ཞུགས་པའི་ལོ་བཞི་པ་ཡིན། ལོ་གསར་པར་ངས་རང་ངོས་ཀྱི་དམག་སྦྱོང་ལ་ཤུགས་བརྒྱབ་ནས། ངལ་ནུས་རིམ་པ་གསུམ་པའི་སྦྱོང་བརྡར་ཐུབ་པ་དང་། སང་ལོའི་དམག་སྦྱོང་འགྲན་བསྡུར་ནང་དྲག་རྩལ་ངོམས་ཏེ་གཟི་བརྗིད་མཚན་སྙན་བརྩོན་ལེན་ཐུབ་པ་བྱེད་ཀྱི་ཡིན། ང་ཚོས་མཐའ་མཚམས་སྲུང་བཞིན་ཡོད་པས་མེས་རྒྱལ་ཐུགས་བློ་བདེ་པོ་གནང་རོགས”ཞེས་དམག་མི་ཧྥང་པང་ཧུང་གིས་མདུན་དུ་བསྐྱོད་ནས་གངས་རིར་ཕྱོགས་ཏེ་དམ་བཅའ་བཞག འཐབ་གྲོགས་ཚོ་ཁོང་གིས་བཞག་པའི་དམ་བཅར་སེམས་འགུལ་ཚད་མེད་ཐེབས་ཏེ། གངས་རིར་ཕྱོགས་ནས་སྐད་ཤུགས་ཆེན་པོས་ལོ་གསར་པའི་དམ་བཅའ་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།