གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་གྲོང་ཚོར་བསྐྱོད་དེ“བདེ་འཇགས་སྐོར་གླེང་བའི”ཁྲིམས་སྐྱོང་ལམ་བུ་གཏོད་པ།
ཁོངས་གཏོགས་མང་ཚོགས་ཀྱི་བདེ་འཇགས་སྔོན་འགོག་འདུ་ཤེས་དང་རང་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། ཉིན་ཤས་བསྟུད་མར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་འབྲོང་རྩེ་ཤང་མངགས་གཏོང་ཁང་གིས་ཐེངས་གྲངས་མང་བ་དང་ཕྱོགས་མང་པོའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་ཏེ། བཅའ་ཁྲིམས་ཁྲིམས་སྲོལ་དང་བདེ་འཇགས་ཤེས་བྱ་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་གདལ་བཏང་ནས་ཁྲིམས་སྐྱོང་འདུ་ཤེས་དང་བདེ་འཇགས་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།
མི་དམངས་ཉེན་རྟོག་པས་གོ་བདེ་ཤེས་སླའི་སྐད་ཆ་དང་དགོད་བྲོ་བའི་གཏམ་གྱི་ཐོག་ནས《རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས》དང《གློག་འཕྲིན་གྱི་ཁ་བསླུས་སྔོན་འགོག》སོགས་ཀྱི་ནང་དོན་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་ཏེ། གྱོད་གཞིར་བརྟེན་ནས་ཁྲིམས་ལུགས་ལ་འགྲེལ་བཤད་རྒྱག་པ་་དང་གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བ་མ་ཟད། ད་དུང་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་འཕྲད་པའི་བཅའ་ཁྲིམས་ཀྱི་གནད་དོན་ལ་ལན་བརྒྱབ་པ་རེད། མང་ཚོགས་ལ་བཅའ་ཁྲིམས་ལ་བརྟེན་ནས་རང་ངོས་སྲུང་སྐྱོབ་ཤེས་པར་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། གནས་ཚུལ་འཕྲད་དུས་ཁྲིམས་འཚོལ་བ། དོན་དག་གཅོད་དུས་ཁྲིམས་སྤྱོད་པ། འགལ་ཟླ་འཕྲད་དུས་ཁྲིམས་ལ་བརྟེན་པ་བཅས་ཀྱི་གོམས་གཤིས་བཟང་པོ་འཇགས་པར་བྱས་ནས་ཁྲིམས་སྐྱོང་གི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།