དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་བཏོད་པ།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ལམ་ལུགས་ཀྱི་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-28

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》བཏོན་པ།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་དོན་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་དམིགས་ཚད་མ་ལག་དང་བཀོལ་སྤྱོད་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》 《ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁ་དན་ཚིག་ལ་མ་གནས་པ་ལག་བསྟར་བྱ་ཡུལ་གྱི་ཡིད་རྟོན་ཁས་ལེན་དང་ཡིད་རྟོན་སླར་གསོའི་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཡིག་ཆ་བཏོན་པ།

    2024ལོར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་གྱོད་གཞི་སྣ་ཚོགས་ཁག་106478བདག་སྤྲོད་བྱས་པའི་ནང་དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་ཁག་50355བདག་སྤྲོད་བྱས་པ་དང་གྱོད་གཞི་ཁག་43150འདྲི་གཅོད་མཇུག་འགྲིལ་བ་དང་། ལག་བསྟར་གྱོད་གཞི་ཁག་36962བདག་སྤྲོད་བྱས་པ་དང་གྱོད་གཞི་ཁག་33235ལག་བསྟར་མཇུག་འགྲིལ་ཡོད།

    ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུར་སྔར་བས་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། སྔ་རྗེས་སུ་སྲིད་ཇུས་དང་ཡིག་ཆ་རབ་དང་རིམ་པ་བཏོན་ནས་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་མཁས་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གི་ལམ་ལུགས་དང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བ་རེད།

    རང་ལྗོངས་ཀྱིས་འཚོགས་པའི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》བཏོན་པ། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་2023ལོ་ཚུན་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་སྔ་རྗེས་སུ་ཐེངས་གསུམ་འཚོགས་ནས“འཛུགས་གཏོད་བཞིར”ཞབས་འདེགས་ཞུས་ཏེ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་བྱེད་ཐབས་འགའ་ཞིག་བཏོན་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར། 2023ལོ་ཚུན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་དོན་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་དམིགས་ཚད་མ་ལག་དང་བཀོལ་སྤྱོད་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》 《ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁ་དན་ཚིག་ལ་མ་གནས་པ་ལག་བསྟར་བྱ་ཡུལ་གྱི་ཡིད་རྟོན་ཁས་ལེན་དང་ཡིད་རྟོན་སླར་གསོའི་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཡིག་ཆ་སྔ་རྗེས་སུ་བཟོས་ནས་བཏོན་ཏེ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ལམ་ལུགས་ཀྱི་རྒྱབ་སྐྱོར་བྱས་པ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཁོངས་མི་དང་ཡོན་ཀྲང་གཞོན་པ་ཅང་ཀྲེན་མིང་གིས《ལག་བསྟར་བསམ་འཆར》དང་། 《དམིགས་ཚད་མ་ལག་དང་དེ་བཞིན་བཀོལ་སྤྱོད་སྒྲིག་སྲོལ》 《བྱ་ཐབས》སོགས་བཏོན་དོན་ནི་གཙོ་བོ་སྲིད་ཇུས་དང་མཁོ་སྤྲོད་གཞི་གཅིག་འབྲེལ་མཐུད་མཐའ་འཁྱོངས་བྱ་རྒྱུ་དེ་རེད། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བཀོད་སྒྲིག་བླང་བྱ་དང་ཁྲིམས་འཛིན་ཁྱབ་ཁོངས་ཁག་གི་ལས་དོན་རེ་རེ་བཞིན་ཚད་གཞི་དང་ཡང་ཡང་བསྡུར་བ་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཞབས་ཞུའི་འགན་སྲུང་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་འདོན་རྒྱུ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྤྱི་ཡོངས་དང་མཉམ་འདྲེས་ལ་མཐོང་ཆེན་བྱས་ནས་ཁྲིམས་ཁང་དང་འབྲེལ་ཡོད་སྡེ་ཚན་དབར་གྱི་མཉམ་འགུལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཡོད། དཔེར་ན་མ་རྩ་བརྡིབས་པར་འདྲི་གཅོད་ཁང་དང་ཁྲིམས་ཁང་མཉམ་འགུལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁ་དན་ཚིག་ལ་མ་གནས་པ་ལག་བསྟར་བྱ་ཡུལ་གྱི་ཡིད་རྟོན་ཁས་ལེན་དང་ཡིད་རྟོན་སླར་གསོའི་ལམ་སྲོལ་འཛུགས་པ། ཐོ་འགོད་དང་། འདྲི་གཅོད། ལག་བསྟར་བཅས་མཐུན་སྦྱོར་འཁོར་རྒྱུག་ལ་ཤུགས་སྣོན་རྒྱག་པ་སོགས་བྱས་ཏེ་མི་དམངས་ཁྲིམས་ཁང་གིས་སྣེ་ཁྲིད་པའི་གན་རྒྱ་ལག་བསྟར་དང་། མ་འཇོག་བྱེད་མཁན་འབྲིང་ཆུང་སྲུང་སྐྱོང་། མ་རྩ་བརྡིབས་པའི་འགྲོ་ལུགས་གཉེར་བ་སོགས་རིམ་པ་དང་པོའི་དམིགས་ཚད་གསུམ་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཡོད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གཉེར་སྐྱོང་བྱེད་པོ་ཁག་གིས་དོ་ཁུར་བྱེད་པའི་ཡིད་རྟོན་སླར་གསོ་དང་མ་གནས་མཐོ་བའི་ཁེ་དབང་སྲུང་སྐྱོང་སོགས་ཀྱི་གནད་དོན་ལ་དམིགས་ནས་སྤྱི་ཚོགས་ཀྱི་ཡིད་རྟོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། གཏུག་བཤེར་ཞབས་ཞུ་ལེགས་སུ་གཏོང་བ། འདྲི་གཅོད་ལག་བསྟར་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ཕན་ནུས་ལྡན་པ་དང་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་ཞིབ་ཕྲ་བཏོན་ཏེ་ཁེ་ལས་དང་ཁེ་ལས་མཁས་ཅན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། གཏུག་བཤེར་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པ་སོགས་ཕྱོགས་བསྡུས་ཀྱི་ཐབས་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས“བྱ་རིམ་ནུས་མེད”དང“གྱོད་གཞི་གཅིག་ཐག་གཅོད་བྱེད་སྐབས་དེ་འབྲེལ་གྱི་གྱོད་གཞི་མང་པོ་ཐོན་པའི”དབང་གིས་ཁེ་ལས་ཀྱི་གཏུག་བཤེར་རིམ་གསོག་གི་དཀའ་ངལ་ཆེ་རུ་མི་འགྲོ་བ་བྱས་ཏེ། ཁེ་ལས་དང་འབྲེལ་བའི་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་དང་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད།

    2024ལོར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་གྱོད་གཞི་སྣ་ཚོགས་ཁག་106478བདག་སྤྲོད་བྱས་པའི་ནང་དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་ཁག་50355བདག་སྤྲོད་བྱས་པ་དང་གྱོད་གཞི་ཁག་43150འདྲི་གཅོད་མཇུག་འགྲིལ་བ་དང་། ལག་བསྟར་གྱོད་གཞི་ཁག་36962བདག་སྤྲོད་བྱས་པ་དང་གྱོད་གཞི་ཁག་33235ལག་བསྟར་མཇུག་འགྲིལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།