དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་རྩ་སྲ་རྨང་བརྟན་དང་གཞུང་འཁྱོངས་གསར་འབྱེད་བྱས་ཏེ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལས་འགན་བསྒྲུབས། འབད་འབུངས་མདུན་སྐྱོད་བྱས་ནས་ལེའུ་གསར་བརྩམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-28

    འདི་ནི་མངའ་རིས་ས་ཁུལ་རུ་ཐོག་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་བཀོད་འཐབ་པས་རུ་ཐོག་རྫོང་གི་མགྲོན་བསུའི་ལམ་དུ་མེ་གསོད་བཞིན་པ།

    2024ལོར་མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“རྩ་སྲ་རྨང་བརྟན་དང་གཞུང་འཁྱོངས་གསར་འབྱེད”ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དཔུང་ཁག་འཛུགས་སྐྱོང་ལ་སྣེ་ཁྲིད་པ་དང་། སྔོན་འགོག་ལ་དམ་འཛིན་གྱིས་བདེ་འཇགས་སྲུང་བ། དངོས་འཐབ་ལ་དམ་འཛིན་གྱིས་རྒྱལ་ཁ་ལེན་པ། གཞི་རིམ་ལ་དམ་འཛིན་གྱིས་རྨང་གཞི་བརྟན་དུ་གཏོང་བ། སྤྱོད་ཚུལ་ལ་དམ་འཛིན་གྱིས་གཟུགས་བརྙན་གཏོད་པ་བཅས་མཐའ་འཁྱོངས་བྱས་ནས་དཔུང་ཁག་གི་བྱ་གཞག་འཕེལ་རྒྱས་འགྲོ་བའི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད།

    མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ལོ་12བསྟུད་མར་མངའ་རིས་ས་ཁུལ་དུ་མི་སྣ་འཆི་བའི་མེ་སྐྱོན་ལས་འཛོལ་ཐོན་མེད་པས། མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ལ་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པའི་མཚན་སྙན་ཐོབ་ཡོད་ལ། རྫོང་བདུན་གྱི་མེ་ཟོན་རོགས་སྐྱོབ་རུ་ཆེན་7ཚང་མ་རྫོང་རིམ་པ་དང་དེ་ཡན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ལས་ཁུངས་སུ་བདམས་ཡོད།

    མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྲིད་གཞུང་གིས་སྒོ་བྱང་བཀལ་ནས་སྒྲུབ་སྐུལ་བྱས་པའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཡོད་པའི་རིགས་26ཚང་མའི་སྒོ་བྱང་ཕབ་པ་དང་། སྤྱི་ཚོགས་ཀྱི་ཚན་པ་9498ལ་ཞིབ་བཤེར་བྱས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དང་མེ་ཟོན་བདེ་འཇགས་ཀྱི་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཁག་16268བཅོས་སྒྲིག་བྱས་པ་མ་ཟད། ཤང་དང་གྲོང་རྡལ་གྱི་ཆེད་བསྐོས་མེ་ཟོན་རུ་ཁག་2དང་ཁེ་ལས་ཀྱི་ཆེད་བསྐོས་མེ་ཟོན་རུ་ཁག་1བཙུགས་ནས་ལོ་གཉིས་ནང་མངའ་རིས་ས་ཁུལ་གྱི་ཤང་དང་གྲོང་རྡལ་29དང་གཙོ་གནད་ཁེ་ལས་6ལ་དཔུང་ཁག་འཛུགས་པ་དང་། རིམ་པ་གཉིས་པའི་ཤང་དང་གྲོང་རྡལ་གྱི་ཆེད་བསྐོས་མེ་ཟོན་དཔུང་ཁག་ལ་ནོར་སྲིད་ནས་ཁ་གསབ་སྒོར་ཁྲི་40བརྩོན་ལེན་བྱས་པ་རེད།

    མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ་ཉེན་དོན་སྣ་ཚོགས་ཁག་411ཐག་གཅོད་བྱ་རྒྱུའི་སྙན་སེང་འབྱོར་བར་དཔུང་ཁག་ཐེངས་426བཏང་ནས་མེ་གསོད་རོགས་སྐྱོབ་ཀྱི་ལས་འགན་སྣ་ཚོགས་ལེགས་སྒྲུབ་བདེ་བླག་བྱས་ཡོད། ཆ་འཕྲིན་གསང་པོ་མེད་པ་ཐག་གཅོད་བྱས་ནས་ཁྱབ་ཁོངས་མང་པོའི་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་བཀོད་འདོམས་ཀྱི་འཐབ་ཇུས་འདོན་རྒྱུར་རམ་འདེགས་དང་། སྡེ་ཚན་མང་པོ་དང་མཉམ་དུ་དངོས་འཐབ་ནང་སྦྱོང་ཆེ་གྲས་ཐེངས་18བྱས་པ་མ་ཟད། རྩལ་སྦྱོང་གི་དཔེ་སྟོན་པར་གཞི་25པར་ལེན་ཞིབ་ཚགས་བྱས་ཡོད།

    མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་། “དགོངས་པ་སློབ་སྦྱོང་དང་། བསླབ་བྱ་དང་ལེན། སྒྱུར་བཅོས་ལ་སྐུལ་འདེད། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སློབ་གསོ་ལག་ལེན་གྱི་བྱེད་སྒོ་སོགས་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། “ཆུང་ས་ནས་ཆེ་ས་མཐོང་བའི”རྒྱུན་གཏན་རང་བཞིན་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཚད་ལྡན་ཅན་གྱི“སྐར་མ་རིམ་པའི་ཚད་གཞི”འཛུགས་གཏོད་ལ་སྐུལ་འདེད་དང་རིག་ལྡན་སྒར་ཁུལ་སྤྱོད་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་ཚན་པའི་སྒྲིག་ལམ་མུ་མཐུད་ཚད་ལྡན་དུ་བཏང་བ་མ་ཟད། སྒོར་ཁྲི་383བཏང་ནས་གཞི་རིམ་བཀོད་འཐབ་པའི་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་9ལག་ལེན་བསྟར་ཡོད།

    མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“ལོ་ལྔ་ཚན་བཅུ་བཞི་པའི”རྣམ་གྲངས་2དང་རྒྱལ་བུན་རྣམ་གྲངས་5ལག་ལེན་བསྟར་ཡོད། 2023ལོ་འཁོར་གྱི་ཚད་ལོན་གསར་གཏོད་ཀྱི་མེ་གསོད་རླངས་འཁོར་7དང་ལེ་ལག་ཚང་བའི་སྒྲིག་ཆས་4839རྩིས་བླངས་ནས་སྒྲིག་སྦྱོར་བྱས་ཡོད་ལ། རྒྱལ་བུན་མ་དངུལ་སྒོར་ཁྲི་6042བརྩོན་ལེན་བྱས་ཏེ་རླངས་འཁོར་3667ཉོས་ནས་སྒྲིག་ཆས་ཀྱི་སྤུས་འབོར་གཉིས་ཀ་འཕར་བར་བྱས་ཡོད། (པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།