དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལྷ་སའི་མཁའ་འགྲུལ་འགག་སྒོ་སླར་ཡང་ཕྱེ་ནས་ལོ་གཅིག་འཁོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-21

    ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བཞིན་པ།

    ས་ཚིགས་ཀྱིས་2024ལོའི“བཟོ་ཚོགས་བུམ་པའི”སྐྱེས་པ་དང་བུད་མེད་ཀྱི་མཉམ་བསྲེས་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་གཉེར་བའི་རྣམ་པ་ཡིན་པ།

    ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཉེན་རྟོག་ལས་སྒྲུབ་ཀྱི་དངོས་འཐབ་སྦྱོང་བརྡར་བྱེད་བཞིན་པ།

    ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཞིག་ལ་སྒེར་གྱི་ཆ་འཕྲིན་འབྲི་རོགས་བྱེད་བཞིན་པ།

    ས་ཚིགས་ཀྱིས་མཁའ་འགྲུལ་ཀུང་སིའི་བསམ་འཆར་དང་གྲོས་འགོ་བསྡུ་བཞིན་པ།

    2023ལོའི་ཟླ་12ཚེས་28ཉིན་གྱི་ཆུ་ཚོད་10དང་སྐར་མ་55ཙམ་ལ། ལྷ་སའི་མཁའ་འགྲུལ་འགག་སྒོ་སླར་ཡང་ཕྱེ་བ་དང་། ལྷ་སའི་མཁའ་འགྲུལ་འགག་སྒོས་2024ལོའི་ལས་དོན་བསྒྲུབས་ནས་ཕུགས་འདུན་འཚོལ་བའི་རྒྱང་ལམ་དུ་བཞུད། 2024ལོར་ཕྱིར་མིག་ལྟ་སྐབས། མི་སེམས་ལ་འབད་འབུངས་མདུན་སྐྱོད་བྱེད་པའི་ལྕག་སྐུལ་ཐེབས་པ་དང་། ཚང་མར་དྲོ་སྐྱིད་སྦྱིན་པའི་སྟོབས་ཤུགས་ཤིག་བསྐྱེད་དེ་ནམ་ཡང་དྲན་གསོ་བྱ་ཡུལ་ཞིག་ཏུ་གྱུར། མཁའ་འགྲུལ་སླར་གསོ་ཐུབ་ནས་ལོ་གཅིག་སོང་རིང་། ལྷ་སའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ལ་སླར་ཡང་ལས་རྣམ་གསར་པ་དང་། འགྱུར་ལྡོག་གསར་པ། འཕེལ་རྒྱས་གསར་པ་བཅས་བྱུང་ཡོད།

    2024ལོར་ལྷ་སའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་རྒྱལ་མཚམས་བསྲུངས་ནས། དམག་རྒྱག་ཕོད་པ་དང་རྒྱལ་ཁ་ཐོབ་ངེས་པ་བློ་ལ་བཅངས་ཏེ་སྔ་ཕྱི་བར་གསུམ་དུ་ལས་སྒོ་གཙོ་བོར་དམ་འཛིན་ཤུགས་ཆེན་བྱས་ཏེ། རྒྱལ་མཚམས་ཀྱི་འགག་སྒོའི་ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་རྒྱུར་དམིགས་ནས“ཞིབ་འཇུག་བརྡར་གཅོད་དང་། ཤེས་རྟོགས། ཉེན་བརྡ་སྔོན་གཏོང་། གོང་རིམ་ལ་སྙན་སེང་། ཐག་གཅོད། ལན་སྤྲོད”བཅས་ཀྱི་ལྷུ་ཚིགས་བཟོས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བ་སོགས་ཀྱི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་དམག་འཐབ་རབ་དང་རིམ་པར་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་འགག་སྒོ་རྒྱུན་མཐུད་བདེ་འཇགས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།

    2024ལོར། ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་ལས་སྒྲུབ་ལ་སྐུལ་འདེད་བཏང་སྟེ་གནས་སྤོས་དོ་དམ་སྒྲིག་གཞིའི་འཐབ་ནུས་གསར་པ་མཐོ་རུ་གཏོང་བར་དམིགས་ཏེ། འཐབ་ས་དང་པོར་བསྡུར་བ་དང་རྩེར་སོན་གཏོད་རྒྱུར་དམིགས་ནས་སྔོན་ཐོན་གྱི་སྒྲིག་ཆས་དང་། རྩེར་སོན་ཚན་རྩལ་ཕྱོགས་ཡོངས་ནས་ནང་འདྲེན་གྱིས་མི་དང་སྒྲིག་ཆས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ཁྲིམས་སྒྱུར་རྣམ་པ་ཕྱོགས་ཡོངས་ནས་མངོན་པ་དང་། ཁྲིམས་སྒྱུར་གྱི་ཉེན་རྟོག་སྟོབས་ཤུགས་བརྒྱུད་རིམ་ཧྲིལ་པོར་བཀོད་འདོམས། ཁྲིམས་སྒྱུར་བྱ་སྤྱོད་ཀྱི་ལས་རིམ་ཧྲིལ་པོར་ལྟ་སྐུལ་བཅས་ཐུབ་པའི་གཞི་གཅིག་ཅན་གྱི་ལས་སྒྲུབ་བཀོད་འདོམས་ལས་སྟེགས་ཤིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།