དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བདེ་འཇགས་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-21

    2024ལོའི་ཟླ་12ཚེས་31ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་དགོན་པའི་རིག་དངོས་དང་། བཟའ་བཏུང་། ཨར་ཁང་། རོལ་རྩེད་ཁང་། མཛོད་ཉར་ཟོག་འགྲེམས། འབར་སླའི་ས་ཚིགས། ཤིང་ཆ་ལས་སྣོན་བཟོ་གྲྭ་སོགས་མཚན་མོའི་གཉེར་སྐྱོང་ཁང་དང་དེ་བཞིན་མེ་སྐྱོན་གྱི་ཉེན་ཁ་ཐོན་སླ་བའི་ཁུལ་དུ་མེ་ཟོན་བདེ་འཇགས་ཀྱི་མཚན་མོའི་ཞིབ་བཤེར་བྱས་པ་རེད། བྱ་སྤྱོད་སྤེལ་རིང་ཞིབ་བཤེར་ཚོགས་ཆུང་ཁག་གིས་ས་གནས་ཁག་གི་མེ་ཟོན་བདེ་འཇགས་དོ་དམ་ལམ་ལུགས་འཐུས་ཚང་ཡོད་མེད་དང་། ལས་སྒྲུབ་མི་སྣའི“ནུས་པ་བཞིའི”ཤེས་བྱ་ཁོང་དུ་ཆུད་ཡོད་མེད། མེ་ཟོན་བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱས་ཡོད་མེད། མེ་གསོད་ཡོ་བྱད་ཆ་ཚང་ཡོད་མེད། བདེ་འཇགས་ཐོན་སྒོ་དང་ཁ་འགྲེམས་བགྲོད་ལམ་ཡོད་མེད། འབར་སླ་བའི་རྒྱུ་ཆའི་མཛེས་བཟོ་བྱས་ཡོད་མེད། “རང་མིང་འགོད་ལམ”གྱི་རང་བཤེར་རང་བཅོས་དང་མེ་ཟོན་ཞིབ་བཤེར་སྐོར་ཞིབ་བྱས་ཡོད་མེད། སྒྲིག་འགལ་ངང་འབར་སླའི་ཉེན་ཆེའི་དངོས་རྫས་གསོག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། འདི་ནི་ཞིབ་བཤེར་ཚོགས་ཆུང་གིས་མེ་གསོད་ཡོ་བྱད་ལ་བརྟག་དཔྱད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།