དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་དཔོན་དང“ཤང་འབྲེལ་གཏུག”གི་ལས་དོན་སྤེལ་སྟངས་གསར་གཏོད་བྱས་པ།

    གཏུག་བཤེར་གྱི་འབྱུང་རྩ་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གཏུག་བཤེར་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-17

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་གཏུག་བཤེར་མིན་པའི་རྩོད་གཞི་སེལ་བའི་ལམ་སྲོལ་སྔོན་ལ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་དཔོན་དང“ཤང་འབྲེལ་གཏུག”གི་ལས་དོན་སྤེལ་སྟངས་གསར་གཏོད་བྱས་ཤིང་། གཞི་རིམ་བཅོས་སྐྱོང་གི་དགོས་མཁོར་དམ་པོར་དམིགས་ནས་བྱེད་ཐབས་སྣ་མང་སྤྱད་དེ་གཏུག་བཤེར་ཞབས་ཞུའི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    2020ལོར་ཆེད་མངགས་གདན་ཞུའི་འདུམ་འགྲིག་པ་ཁག་དང་པོ་གདན་ཞུ་བྱས་ཚུན་དུ། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཆེད་མངགས་གདན་ཞུའི་འདུམ་འགྲིག་པའི་དཔུང་ཁག་རྒྱུན་ཆད་མེད་པར་གསར་བརྗེས་དང་སྟོབས་ཆེར་བཏང་ཞིང་། སྤྱི་བདེ་མི་དམངས་ཉེན་རྟོག་པ་14སྔ་རྗེས་སུ་ཁྲིམས་ཁང་གི་ཆེད་མངགས་གདན་ཞུའི་འདུམ་འགྲིག་པར་གདན་ཞུ་བྱས་པ་དང་། འབྲེལ་ཡོད་གཏུག་བཤེར་མ་བྱས་གོང་གི་འདུམ་འགྲིག་ཁྱབ་ཁོངས་ཀྱི་གྲས་སུ་འགྲིམ་འགྲུལ་ལས་འཛོལ་འགན་འཁྲིའི་རྩོད་གཞི་དང་། ཁྱིམ་ཚང་གི་རྩོད་གཞི། རྒྱུ་ནོར་གྱི་རྩོད་གཞི་སོགས་ཚུད་ཡོད། ཁྲིམས་ཁང་དང་སྤྱི་བདེ་ལས་ཁུངས་དབར་དང་ལྷག་པར་དུ་ཁྲིམས་ཁང་དང་ཤང་དང་གྲོང་རྡལ་མངགས་གཏོང་ཁང་དབར་མཉམ་འགུལ་གྱིས་རྩོད་གཞི་འདུམ་འགྲིག་བྱེད་པ་དང་། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱས་ནས་སེལ་བ། ཁྲིམས་དཔོན་སྔོན་ནས་ཞུགས་པར་སྣེ་ཁྲིད་རོགས་སྐྱོར་བྱེད་པ། གཏུག་བཤེར་དང་འདུམ་འགྲིག་སྦྲེལ་མཐུད་ཀྱི་ཁྲིམས་འཛིན་གཏན་འཁེལ་བྱེད་པ། ཁྲིམས་སྐྱོང་དྲིལ་བསྒྲགས་དང་བཅའ་ཁྲིམས་གནད་སྨིན་ཁྱབ་གདལ་བྱེད་པ་བཅས་ཕྱོགས་4ནས་ལས་དོན་སྤེལ་བ། གོམ་སྟབས་གསུམ་དུ་ཕྱེ་སྟེ་གཏུག་བཤེར་གྱི་འབྱུང་རྩ་བཅོས་སྒྲིག་གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས་བཅས་བྱེད་པ། གཏུག་བཤེར་མ་བྱས་གོང་འགལ་ཟླ་དང་རྩོད་གཞི་འོས་འཚམ་ངང་སེལ་བ་བཅས་ཀྱི་ཐོག་ནས་གཏུག་བཤེར་བྱེད་ཚད་འཕར་བའི་རྣམ་པ་ཚོད་འཛིན་ནུས་ལྡན་བྱེད་པར་སྐུལ་འདེད་དང་སྤྱི་ཚོགས་དེ་བས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་ཡོད།

    གསར་གཏོད་བྱས་ནས་བཟོས་པའི་ཁྲིམས་དཔོན་དང“ཤང་འབྲེལ་གཏུག”གི་ལམ་ལུགས་ལ་བརྟེན་ནས། ཁྲིམས་ཁང་གིས་ཆེད་མངགས་གདན་ཞུའི་འདུམ་འགྲིག་པའི་དོན་དངོས་ཀྱི་འདུམ་འགྲིག་ནུས་པ་འདོན་སྤེལ་བྱས་ཏེ། མི་གྲངས་གཏན་འཁེལ་གྱི་ཁྲིམས་དཔོན་8ཀྱིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་11ལ་འབྲེལ་གཏུག་བྱས་ཡོད། སྤྱི་བདེ་ལས་ཁུངས་ཀྱི་ཁྱབ་རྒྱ་ཆེ་བ་དང་འབྲེལ་ཡོད་ལས་སྒོ་མང་བ་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཁྲིམས་དཔོན་དང“ཤང་འབྲེལ་གཏུག”བྱ་ཡུལ་གཙོ་བོ་ནི་ཤང་དང་གྲོང་རྡལ་གྱི་མངགས་གཏོང་ཁང་ཡིན་པ་རེད། 2024ལོའི་ཟླ་10པའི་བར་ཤང་དང་གྲོང་རྡལ་ཁག་གི་སྤྱི་བདེ་མངགས་གཏོང་ཁང་གིས་བདེ་འཇགས་སྐོར་གཡེང་དང་དྲ་མིག་ཅན་གྱི་གྲལ་བཤེར་སོགས་ཀྱི་ལས་དོན་སྤེལ་ཞིང་། གྲལ་བཤེར་བྱས་པ་བརྒྱུད་འགལ་ཟླ་དང་རྩོད་གཞི་ཤེས་རྟོགས་བྱུང་བ་མ་ཟད། འགལ་ཟླ་ཁག་262བར་འདུམ་བྱས་ཏེ་གཏུག་བཤེར་གྱི་རྩོད་གཞི་འབྱུང་རྩ་ནས་སེལ་གང་ཐུབ་བྱས་ཡོད།

    2024ལོ་ཚུན་དུ་མངགས་གཏོང་ཁང་ཁག་གི་གདན་ཞུས་ལྟར་ཁྲིམས་དཔོན་གྱིས་ས་གནས་ས་ཐོག་ཏུ་བཅའ་ཁྲིམས་མཛུབ་ཁྲིད་ཐེངས་28བྱས་པ་དང་དྲ་ཐོག་ཏུ་མཛུབ་ཁྲིད་ཐེངས་49བྱས་ནས་གྱོད་གཞི་27འདུམ་འགྲིག་ཐུབ་པར་སྐུལ་འདེད་བཏང་ཡོད།

    2024ལོ་ཚུན་དུ་ཁྲིམས་ཁང་གིས་ཁྲིམས་འཛིན་གཏན་འཁེལ་གྱི་འདུན་ཞུ་ཁག་298བདག་སྤྲོད་བྱས་ཏེ། གྱོད་གཞི་108ཁྲིམས་འཛིན་གཏན་འཁེལ་དང་གྱོད་གཞི་ཁག་133གཏུག་བཤེར་ལ་བསྒྱུར་བ་བརྒྱུད། གཏུག་བཤེར་དང་འདུམ་འགྲིག་སྦྲེལ་མཐུད་ཡག་པོ་བྱུང་སྟེ་འགལ་ཟླ་སེལ་བའི་མ་གནས་ཆུང་རུ་ཕྱིན་པ་མ་ཟད། དོ་བདག་མང་ཚོགས་ཀྱི་གཏུག་བཤེར་མ་གནས་ཀྱང་ཆུང་དུ་ཕྱིན་ཡོད།

    དེ་དང་ཆབས་ཅིག སྨྱན་སྦྱོར་གསར་པའི་ལས་སྟེགས་ལ་བརྟེན་ནས“ཁྲིམས་དཔོན་གྱི་སྤྲིན་ཚོམ་སློབ་ཁང”ལས་དྲ་ཐོག་ཏུ་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ། བཅའ་ཁྲིམས་ཁྱབ་གདལ་གྱི་བརྙན་ཐུང་དུས་ཐེངས་9ཁྱབ་བསྒྲགས་བྱས་པ་དང་བརྒྱུད་གཏོང་བྱེད་ཐེངས་ཁྲི་120ལྷག་ཙམ་ཟིན་ཡོད། “ཤང་འབྲེལ་ཁྲིམས་དཔོན་ཁྱེད་ཀྱི་འགྲམ་དུ་ཡོད”ཅེས་པའི་སྐད་འཕྲིན་ཚོགས་པ་བརྒྱུད། བཅའ་ཁྲིམས་ཁྱབ་གདལ་གྱི་བརྙན་ལམ་ཤང་དང་གྲོང་རྡལ་ཁག་གི་སྐོར་སྐྱོད་འདྲི་གཅོད་ས་ཚིགས་ཀྱི་འབྲེལ་གཏུག་པར་བརྒྱུད་བསྐུར་དང་དེ་ནས་ཤང་དང་གྲོང་རྡལ་གྱི་ལས་བྱེད་པས་གྲོང་ཚོ་ཁག་གི་འབྲེལ་གཏུག་ཚོགས་པར་བརྒྱུད་བསྐུར་བྱས་ཏེ། བརྙན་ཐུང་ལ་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ཁྱབ་རྒྱ་ཆེ་རུ་དང་ཟབ་ཚད་མཐོ་རུ་གཏོང་བར་སྔར་བས་ཤུགས་སྣོན་བརྒྱབ་ཡོད།

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་གཏུག་བཤེར་མ་བྱས་གོང་གི་འབྲེལ་མཐུད་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས། གཞི་རིམ་གྱི་འགལ་ཟླ་སེལ་བའི་ལས་ཕྱོད་ཆེ་རུ་གཏོང་བ་དང་འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་ཧུར་ཐག་སེལ་ཏེ། ཐུན་མོང་ཐོག་རྫོང་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་ནུས་ལྡན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།