དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་འདུམ་འགྲིག་ཡག་པོ་བྱས་པ།

    བརྩེ་སེམས་དང་དཔྱོད་ཤེས་ལ་བརྟེན་ནས་ཁྲིམས་འཛིན་ཞབས་འདེགས་ཡག་པོ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-17

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་ཆད་མེད་པར་འཚོལ་ཞིབ་དང་འཕེལ་རྒྱས་བཏང་ནས་ཐོག་མཐའ་བར་གསུམ་དུ་འདུམ་འགྲིག་ལས་དོན་དེ་ཞུ་གཏུག་མ་བྱས་གོང་དང་། ཞུ་གཏུག་བྱེད་རིང་། ཁྲུན་ཐག་བཅད་རྗེས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཐོག་མི་དམངས་ཁྲིམས་ཁང་གི་ངེས་གནས་དེ“གྱོད་བསྟུན་གྱོད་སྒྲུབ”ནས་གཞི་རིམ་བཅོས་སྐྱོང་གི་ཕྱོགས་སུ་བསྒྱུར་བ་དང་། འགན་ནུས་དང་ནུས་པ་དེ“ཁྲིམས་རར་བསྡད་དེ་གྱོད་གཞི་འདྲི་ཞིབ་བྱེད་པ”ནས་སྣུར་སྲིང་ཞབས་ཞུའི་ཕྱོགས་སུ་བསྒྱུར་བ། ལས་ཀ་བྱེད་སྟངས་དེ“རྐྱང་འབད་རྐྱང་འཐབ”ནས་སྣ་མང་མཉམ་བཅོས་བར་བསྒྱུར་བ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    དཔལ་མགོན་རྫོང་མི་དམངས་ཁྲིམས་ཁང་གིས།

    ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

    དཔལ་མགོན་རྫོང་མི་དམངས་ཁྲིམས་ཁང་དང་དཔལ་མགོན་རྫོང་མི་སྤྱི་ཅུས་ཀྱི་ལས་དོན་མི་སྣས་གླ་ཆ་དུས་ཐོག་ཏུ་མ་རག་པར་སེམས་རྣལ་དུ་ཕབ་མ་ཐུབ་པའི་ཞིང་པ་ལས་མི་ཁག་གཅིག་ལ་ངང་རྒྱུད་རིང་པོས་འདུམ་འགྲིག་བྱེད་བཞིན་ཡོད་པ་དང་། གནས་ཚུལ་དེ་ནི་ཀྲང་ཆེ་གེ་མོ་སོགས་ཞིང་པ་ལས་མི་14ཡིས་མི་སྤྱི་ཅུས་ལ་འགྱངས་ཆད་བྱས་པའི་གླ་ཆ་ལེན་རོགས་བྱས་ཤིང་། ཡིན་ན་ཡང་ཞིང་པ་ལས་མི་ཁག་ཅིག་སེམས་རྣལ་དུ་ཕབ་མ་ཐུབ་པའི་རྐྱེན་གྱིས་འདུམ་འགྲིག་ལས་དོན་སྒྲུབ་ཁག་པོ་བྱུང་བ་རེད། ས་སྲོད་ཙམ་ལ་མི་སྤྱི་ཅུས་ཀྱི་ལས་དོན་མི་སྣས་ཞིང་པ་ལས་མི་ཚོ་དཔལ་མགོན་རྫོང་མི་དམངས་ཁྲིམས་ཁང་ལ་ཁྲིད་དེ་ཞུ་གཏུག་བརྒྱབ་ནས་རྩོད་གཞི་ཐག་གཅོད་བྱེད་རྩིས་བྱས་པ་རེད།

    ཉེ་ཆར། ཕྱོགས་གཉིས་ཀ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་ཞིབ་རྩིས་བརྒྱབ་རྗེས། དོ་བདག་གིས་འཕྲལ་དུ་ཀྲང་ཆེ་གེ་མོ་སོགས་ལ་ངལ་རྩོལ་གླ་ཆ་སྒོར་233596སྤྲད་དེ། ཞིང་པ་ལས་མི་14ཡི་གླ་ཕོགས་འདེད་ལེན་གྱི་རྩོད་གཞི་དེ་ཉིན་2ནང་གྲུབ་འབྲས་ཐོབ་པའི་སྒོ་ནས་ཐག་གཅོད་བྱས་པ་རེད།

    ཤན་རྩ་རྫོང་མི་དམངས་ཁྲིམས་ཁང་གིས།

    ཁྱིམ་མཚེས་དབར་གྱི་རྩྭ་རའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

    ཉེ་ཆར། ཤན་རྩ་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་རླངས་འཁོར་བཏང་ནས་གྲོང་རྡལ་དང་བར་ཐག་སྤྱི་ལེ་40ཆོད་པའི་རྩོད་གཞི་ཐོན་ཡུལ་དུ་བསྐྱོད་ནས་དེ་གར་སྐོར་སྐྱོད་འདུམ་འགྲིག་བྱས་པ་རེད།

    ས་གནས་ས་ཐོག་ཏུ་སླེབས་རྗེས། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་རྩྭ་རའི་གནས་ཚུལ་ཤེས་རྟོགས་དང་། ཕྱོགས་གཉིས་པོའི་སྐད་ཆ་ནན་ཏན་ཉན་པ། རྩོད་དོན་གཙོ་བོ་གསེད་བཀྲོལ་བཅས་བྱས་ཐོག་བཅའ་ཁྲིམས་དང་གནས་ལུགས་སོགས་ཁག་མང་པོའི་ཐད་ནས་ཕྱོགས་གཉིས་ལ་བཅའ་ཁྲིམས་འགྲེལ་བཤད་དང་གནས་ལུགས་གསལ་འགྲེལ་བྱས་ཏེ་ཕན་ཚུན་བསམ་ཤེས་བྱེད་པར་ཁྲིད་སྟོན་བྱས་ཤིང་། ཆུ་ཚོད་ཁ་ཤས་རིང་ངང་རྒྱུད་རིང་པོས་གསེད་བཀྲོལ་དང་འདུམ་འགྲིག་བྱས་པ་བརྒྱུད། ཁོང་ཁྲོ་ལངས་ནས་རྒྱག་རེས་ཤོར་གྲབས་བྱེད་པའི་ཕྱོགས་གཉིས་པོའི་རྣམ་འགྱུར་རིམ་བཞིན་ཞི་ལྷོད་དུ་སོང་ནས་མཐར་འཆམ་མཐུན་བྱུང་ཡོད།

    འབྲི་རུ་རྫོང་མི་དམངས་ཁྲིམས་ཁང་གིས།

    བཟའ་ཚང་ཁ་བྲལ་གྱི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

    ཉེ་ཆར། འབྲི་རུ་རྫོང་མི་དམངས་ཁྲིམས་ཁང་གཏུག་བཤེར་ཞབས་ཞུ་ལྟེ་གནས་ཀྱིས་འབྲི་རུ་རྫོང་འགལ་ཟླ་འདུམ་འགྲིག་ལྟེ་གནས་སུ་ཞབས་ཞུའི་སྐར་ཁུང་བཙུགས་ནས་འགལ་ཟླ་འདུམ་འགྲིག་བྱས་ཤིང་། ཞབས་ཞུའི་སྐར་ཁུང་བཙུགས་པའི་ཉིན་དང་པོར་བཟའ་ཚང་ཁ་བྲལ་གྱི་རྩོད་གཞི་ཞིག་གྲུབ་འབྲས་ཐོབ་པའི་ངང་འདུམ་འགྲིག་བྱས་པ་རེད།

    བཀྲ་ཆེ་གེ་མོ་དང་ཉི་ཆེ་གེ་མོ་གཉིས་ཕན་ཚུན་མ་འཆམ་པར་ལོགས་སུ་བསྡད་དེ་ལོ་གཉིས་ཕྱིན་པ་དང་། བཀྲ་ཆེ་གེ་མོས་འབྲི་རུ་རྫོང་མི་དམངས་ཁྲིམས་ཁང་ལ་བཟའ་ཚང་ཁ་འབྲལ་རྒྱུའི་ཞུ་གཏུག་བརྒྱབ་པས། ཁྲིམས་ཁང་གིས་ཞུ་གཏུག་དང་འདུམ་འགྲིག་ཟུང་འབྲེལ་གྱི་བརྒྱུད་རིམ་ལྟར་གྱོད་གཞི་དེ་འགལ་ཟླ་རྩོད་གཞི་འདུམ་འགྲིག་ལྟེ་གནས་ལ་དུས་འགོའི་འདུམ་འགྲིག་བྱེད་པར་བསྐྱལ། འདུམ་འགྲིག་བྱེད་པའི་གོ་རིམ་ཁྲོད། ཕྱོགས་གཉིས་ཀ་ཁོང་ཁྲོ་ལངས་ནས་རྒྱུ་ནོར་བགོ་བཤའ་དང་བུ་ཕྲུག་གསོ་སྐྱོང་ཐད་རྩོད་པ་བྱུང་བར་བརྟེན། ཁྲིམས་ཁང་གིས་མངགས་པའི་ལས་བྱེད་ཉེན་རྟོག་པས་མི་དམངས་འདུམ་འགྲིག་པར་འཇུག་གཞི་གནད་སྨིན་བཙལ་ནས། ཁྱོ་ཤུག་གཉིས་ཀར་ལོགས་སུ་འདུམ་འགྲིག་བྱ་རྒྱུའི་མཛུབ་ཁྲིད་བྱས་པས་ངང་རྒྱུད་རིང་པོས་ཁ་ཏ་སློབ་སྟོན་དང་། བཅའ་ཁྲིམས་འགྲེལ་བཤད། གནས་ལུགས་གསལ་འགྲེལ་བཅས་བྱས་མཐར་ཕྱོགས་གཉིས་པོའི་རྣམ་འགྱུར་རིམ་བཞིན་ཞི་ལྷོད་དུ་ཕྱིན་ནས་འདུམ་འགྲིག་གྲོས་མཐུན་འཇོག་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།