དགུན་དུས་མེ་སྐྱོན་སྔོན་འགོག་གི་དྲན་སྐུལ།
དགུན་དུས་གནམ་གཤིས་གྲང་ངར་ཆེ་བ་དང་སྐམ་ཤས་ཆེ་བས། སྤྱི་ཚོགས་ཐོག་མེ་དང་གློག་དང་སྣུམ་རླངས་སོགས་སྤྱོད་ཚད་མང་དུ་ཕྱིན་ནས། མེ་སྐྱོན་ཐོན་རྐྱེན་མང་དུ་དང་མེ་སྐྱོན་གྱི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད་པས། ཁྱེད་དང་ནང་མིའི་མེ་ཟོན་བདེ་འཇགས་འགན་ལེན་བྱ་ཆེད《དགུན་དུས་མེ་སྐྱོན་སྔོན་འགོག་གི་ལག་དེབ》འདི་གཟིགས་རོགས།
གཅིག ཁྱིམ་ཚང་གི་མེ་སྐྱོན་སྔོན་འགོག
1.“གཙང་མ་བཟོ་དགོས་པ་གསུམ་དང་བཀག་དགོས་པ་གསུམ”བློ་ལ་བརྟན་པོར་ངེས་ནས། དྲོད་ལེན་ཡོ་ཆས་ཉེ་འཁོར་གྱི་འབར་སླའི་དངོས་རྫས་དུས་ཐོག་ཏུ་གཙང་སེལ་དང་། རླངས་སྣུམ་དང་། ས་སྣུམ། ཅིའུ་ཅིང་སོགས་འབར་སླའི་དངོས་རྫས་སྤྱད་དེ་དྲོད་ལེན་ཐབས་གཏན་འགོག་བྱེད་དགོས། ཕྱིར་ཐོན་སྐབས“གཙང་མ་བཟོ་དགོས་པ་གསུམ་དང་བཀག་དགོས་པ་གསུམ”(ཉི་གཡབ་དང་། བར་ཁྱམས། ཐབ་ཚང་བཅས་གཙང་མ་བཟོ་དགོས་པ་དང་། གློག་ཁུངས་དང་། འབར་རླངས། མེ་ཁུངས་བཅས་བཀག་དགོས་པ)བློ་ལ་བརྟན་པོར་ངེས་དགོས།
2.གློག་ཆས་ལ་རྒྱུན་དུ་བརྟག་དཔྱད་བྱས་ནས། འཚོ་བའི་ཁྲོད་གློག་ཆས་སྒྲིག་ཆས་ཡང་དག་སྤྱོད་པ་དང་། གློག་སྐུད་དང་བསྒར་ཁུང་རང་དགར་འཁྲིད་མི་རུང་བ། ནུས་ཚད་ཆེ་བའི་གློག་ཆས་ཐེག་ཚད་ལས་བརྒལ་ནས་སྤྱོད་མི་རུང་བ། གློག་ཆས་རྙིང་པ་དུས་ཐོག་ཏུ་བརྗེ་བ། ཕྱིར་ཐོན་སྐབས་གློག་བཀག་རྒྱུ་མ་བརྗེད་པ་བྱེད་དགོས།
3.ཕྲུ་གུས་མེ་རྩེད་རྩེ་རྒྱུ་གཏན་འགོག་བྱས་ནས། རྒྱུན་གཏན་གྱི་འཚོ་བའི་ཁྲོད་མེ་སྤྱོད་ས་ཤིན་ཏུ་མང་བས་ཕྲུ་གུར་མེ་རྩེད་རྩེ་མི་རུང་བའི་སློབ་གསོ་གཏོང་བ་དང་། ཁྱིམ་གྱི་མེ་ལྕགས་དང་མུ་ཟི་ཕྲུ་གུས་ལེན་མི་ཐུབ་སར་བཞག་སྟེ་ཕྲུ་གུ་མེ་ཁུངས་ཀྱི་འཁྲིས་སུ་འཇོག་མི་རུང་།
4.མཆོད་མེ་སྤོར་སྐབས་དོ་སྣང་བྱེད་དགོས་པ་དང་། མཆོད་མེ་སྤོར་དུས་ལྟ་མཁན་ཡོད་དགོས། རྒྱུན་འབར་སྒྲོན་མེ་དང་། མཆོད་མེ། བསང་ཕོར་སོགས་མི་འགྱེལ་བར་བྱེད་དགོས། རས་ཡོལ་དང་། ཁ་བཏགས། ཤོག་བུ། འབུད་ཤིང་སོགས་འབར་སླའི་དངོས་པོ་དང་ཐག་རིང་ཙམ་བྱེད་དགོས། མཆོད་མེ་མེ་ཐུབ་རྒྱུ་ཆའི་ཅོག་ཙེ(ས་ངོས)ཐོག་འཇོག་པའམ་ཡང་ན་ལྕགས་རིགས་སྲབ་མོའི་ཐོག་འཇོག་དགོས། སྤོས་དང་མཆོད་མེ་སོགས་གྲང་མོ་ཆགས་རྗེས་གཞི་ནས་གཙང་མ་བཟོ་དགོས་པ་ལས། སྤོས་དང་མཆོད་མེ་སོགས་གད་སྙིགས་བླུགས་སྣོད་དུ་ཐད་ཀར་བསྐྱུར་མི་རུང་།
གཉིས། ཚོང་ལས་ཕྱོཌ་བསྡུས་ཁུལ་གྱི་མེ་སྐྱོན་སྔོན་འགོག
1.ཉེན་ཡོད་རྫས་འགྱུར་དངོས་རྫས་ཚོང་ལས་ཁུལ་དུ་འཁྱེར་མི་ཆོག་པ་དང་། འབར་སླ་གས་སླའི་ཉེན་ཡོད་དངོས་རྫས་ཚོང་ལས་ཕྱོགས་བསྡུས་ཁུལ་དུ་འཁྱེར་མི་ཆོག
2.མེ་ལྕེ་ཚོད་འཛིན་ནན་པོ་བྱས་ནས། ཚོང་གཉེར་བྱེད་དུས་མེ་སྤོར་བ་དང་ཚ་ལ་རྒྱག་མི་ཆོག་པ་དང་། མེ་སྤོར་སྐབས་ཞིབ་མཆན་ནན་པོ་འགོད་དགོས་པ་དང་འབྲེལ། ཉེ་འཁོར་གྱི་འབར་སླའི་དངོས་རྫས་གཙང་མ་བཟོ་བ་དང་། འབར་མེད་རྒྱུ་ཆས་བར་མཚམས་གཅོད་པ། མེ་གསོད་ཡོ་ཆས་སྒྲིག་སྦྱོར། ལྟ་སྐྱོང་བྱ་ཐབས་དོན་འཁྱོལ་བཅས་བྱེད་དགོས།
3.ལྟད་མོ་བའི་ཚོམས་ཆེན་ནང་ཐ་མག་འཐེན་མི་ཆོག་པ་དང་། འཁྲབ་སྟོན་དང་གློག་བརྙན་སྟོན་སའི་ལྟད་མོ་བའི་ཚོམས་ཆེན་ནང་ཐ་མག་འཐེན་མི་ཆོག་པ་དང་མེ་སྤར་ཏེ་འོད་གསལ་ཐབས་བྱེད་མི་ཆོག ཁང་པའི་ནང་ཤོག་སྦག་སྤོར་མི་ཆོག
4.མི་ཕྱིར་ཐོན་སྐབས་ངེས་པར་དུ་གློག་བཀག་དགོས་པའི་བླང་བྱར་ནན་པོ་གཞིགས་ནས། ལས་གཉེར་བྱེད་མཇུག་འགྲིལ་རྗེས་ལས་བཟོར་མེ་ཟོན་ཞིབ་བཤེར་བྱེད་བཅུག་སྟེ“མི་ཕྱིར་ཐོན་སྐབས་གློག་ཁུངས་དང་མེ་ཁུངས་བཀག་དགོས་པ”དང་མཚན་མོ་ཆེད་མི་བཀོད་སྒྲིག་བྱས་ཏེ་དུས་བཀག་སྐོར་ཞིབ་བྱེད་དགོས།
5.བྲིན་སྐུལ་སྦྱར་ཡིག་ལ་དོ་དམ་ནན་པོ་བྱེད་དགོས་པ་དང་། བྲིན་སྐུལ་སྦྱར་ཡིག་སྤྱོད་པའི་དྲིལ་བསྒྲགས་སྦྱར་ཚིག་དང་བརྡ་ཁྱབ་བྱང་བུ་སོགས་ལ་འབར་རྒྱུ་མེད་པའི་རྒྱུ་ཆའམ་ཡང་ན་འབར་དཀའ་བའི་རྒྱུ་ཆ་སྤྱོད་དགོས་པ་དང་། ཁ་འགྲེམས་མཚོན་རྟགས་དང་མེ་གསོད་ཡོ་བྱད་སོགས་ཀྱི་སྒྲིག་ཆས་འགེབས་མི་ཆོག
6.མེ་སྐྱོན་ཐོན་ཚེ་མགྱོགས་མྱུར་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས་པ་དང་། ཚོང་ལས་ཕྱོགས་བསྡུས་ཁུལ་དུ་མེ་སྐྱོན་ཐོན་ཚེ་ལས་བཟོས་འཕྲལ་དུ་མི་སྣ་ཁ་འགྲེམས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། མི་སྒེར་གྱིས་བདེ་འཇགས་ཐོན་སྒོ་དང་ཁ་འགྲེམས་བགྲོད་ལམ་ཁུལ་ལ་དོ་སྣང་བྱེད་དགོས་པ་དང་། མེ་སྐྱོན་སོགས་ཛ་དྲག་གི་གནས་ཚུལ་ཐོན་ཚེ་མྱུར་དུ་ཁ་འགྲེམས་ཏེ་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས།
གསུམ། “གནས་ཡུལ་ཆུང་ངུ་དགུའི”མེ་སྐྱོན་སྔོན་འགོག
1.ཉིན་ལྟར་མེ་སྐྱོན་སྔོན་འགོག་སྐོར་ཞིབ་མཐའ་འཁྱོངས་ཀྱིས་མེ་གློག་སྣུམ་རླངས་བཅས་ལ་དོ་དམ་ནན་པོ་བྱེད་དགོས།
2.མི་སྡོད་ས་དང་ཐོན་སྐྱེད་གཉེར་སྐྱོང་གསོག་ཉར་ཁུལ་མཉམ་དུ་སྤྱོད་མི་ཆོག
3.ཅུས་ཨན་ཀྲེ་སོགས་འབར་སླ་འབར་རུང་རྒྱུ་ཆ་སྤྱད་དེ་མཛེས་བཟོ་མཛེས་རྒྱན་སྤྲོས་མི་ཆོག་པ་དང་། འབར་སླ་གས་སླའི་དངོས་པོ་སྒྲིག་འགལ་ངང་ཉར་མི་ཆོག
4.ཚད་གཞི་གཞིར་བཟུང་མེ་ཟོན་སྒྲིག་ཆས་དང་ཡོ་བྱད་བསྒར་བ་དང་མེ་ཟོན་བདེ་འཇགས་མཚོན་རྟགས་བསྒར་དགོས་པ་དང་། དུས་བཀག་ལྟར་སྲུང་སྐྱོང་བདག་སྐྱོང་བྱས་ནས་སྐྱོན་མེད་གོ་ཆོད་ཡོང་བའི་འགན་ལེན་བྱེད་དགོས།
5.ཁ་འགྲེམས་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ་ཤར་བགྲོད་ཐུབ་པར་བྱེད་དགོས།
6.ཁང་པའི་ནང་གློག་སྒུལ་སྦག་སྦག(གློག་རྫས)ལ་གློག་གསོག་མི་ཆོག
7.སྒྲིག་འགལ་ངང་མེ་སྤོར་བ་དང་ཚ་ལ་རྒྱག་མི་ཆོག་པ་དང་། གློག་རླངས་ཀྱི་གློག་སྐུད་གང་བྱུང་དུ་འཁྲིད་མི་ཆོག་པ། ཐེག་ཚད་ལས་བརྒལ་ནས་གློག་སྤྱོད་མི་ཆོག
(བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)