དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣ་དཀར་རྩེ་རྫོང་མི་སྤྱི་ཅུས་ཀྱིས་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཕྱོགས་ཡོངས་ནས་སྒྲོག་འགྲེལ་ཡང་དག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-15

    ཉིན་ཤས་གོང་། སྣ་དཀར་རྩེ་རྫོང་མི་སྤྱི་ཅུས་ཀྱིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ“ངོ་ཐུག་གདོང་འཕྲད་ཀྱིས་སྲིད་ཇུས་དྲིལ་བསྒྲགས་དང་ཐག་ཉེ་ས་ནས་ཞབས་འདེགས་ཞུ་བའི”སྤྱི་ཚོགས་འགན་བཅོལ་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དེའི་དམིགས་ཡུལ་ནི་མི་ཚོགས་མི་འདྲ་བར་གཞིགས་ནས་དྲིལ་བསྒྲགས་ཁྲིད་སྟོན་ཞིབ་ཕྲ་བྱེད་པ་དང་། སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཕྱོགས་ཡོངས་ནས་གསལ་འགྲེལ་ཡང་དག་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ལ་ཤེས་རྟོགས་ཐུབ་ཚད་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་གྱི་འོས་འགན་ཁྲིམས་ལྟར་སྒྲུབ་པ་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་ཕྱིར་ཡིན་པ་རེད།

    ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོའི་ནང་དྲིལ་བསྒྲགས་དཔྱད་ཡིག་དང་ལག་རྟགས་ཆུང་ངུ་900ལྷག་ཙམ་སྤྲད་པ་དེས་མང་ཚོགས་720ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། ལས་དོན་མི་སྣས་ད་དུང་ལས་ཡུལ་དང་མཉམ་ལས་ཁང་དུ་བསྐྱོད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་དང་། སྟབས་བསྟུན་ལས་ཞུགས། ལས་རྨས་འགན་བཅོལ། ལས་ཤོར་འགན་བཅོལ་སོགས་ཀྱི་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ནས། སླད་ཕྱིན་སྣ་དཀར་རྩེ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱེད་པར་རྨང་གཞི་ཡག་པོ་ཞིག་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།