དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྔ་ཆེན་མངགས་གཏོང་ཁང་གིས“ཧྥེང་ཆའོ་ཉམས་མྱོང”ལག་ལེན་བསྟར་བར་ཕན་འབྲས་བཟང་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-14

    དུས་རབས་གསར་པའི་རྒྱབ་ལྗོངས་འོག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་རྔ་ཆེན་མངགས་གཏོང་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་ལེན་ཧུར་ཐག་བསྟར་བ་དང“མངཌ་གཏོང་ཁང་གིས་འགོག་སྲུང་གཙོ་བོར་བྱེད་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་བ། ཉེན་དོན་གྱི་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་འགོག་ཟོན་དང་ཐབས་ལམ་མང་པོ་ནས་སེལ་བའི་ལམ་སྲོལ་བཙུགས་པ་རེད།

    རྔ་ཆེན་མངགས་གཏོང་ཁང་གིས་སྡེ་ཁུལ་གྱི་ཉེན་དོན་ཁང་ལ་གང་ལེགས་བརྟེན་ནས། དེ་ཉིད་སྡེ་ཁུལ་དང་ཉེན་རྟོག་ཕྱོགས་འབྲེལ་མཐུད་བྱེད་པའི་འབྲེལ་ཐག་ཏུ་བརྩིས་ཏེ། སྡེ་ཁུལ་གྲོང་མི་ཨུ་ལྷན་དང་སྡེ་ཁུལ་གྱི་སྡེ་ལས་སོགས་གཞི་རིམ་རྩ་འཛུགས་ཀྱི་སྟོབས་ཤུགས་དང་མཉམ་འདྲེས་གཏིང་ཟབ་བྱས་པ་མ་ཟད། “སྡེ་ཁུལ་དང་། ཉེན་དོན་ཁང་། ཉེན་དོན་འབྲེལ་གཏུག་ས་ཚིགས”བཅས་ཟུང་དུ་འབྲེལ་བའི་རིམ་གསུམ་སྒྲོམ་གཞིའི་ཉེན་དོན་ལས་སྒྲུབ་རྣམ་པ་བཏོད་པ་རེད། ལས་སྒྲུབ་རྣམ་པ་དེས་བར་ཐག་ཉེ་བ་དང་ཉིན་མཚན་བལྟོས་མེད་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་སྡེ་ཁུལ་གྱི་ཉེན་དོན་དང་ཕྱོགས་བསྡུས་བཅོས་སྐྱོང་གི་དྲ་མིག་མཉམ་འདྲེས་གཏིང་ཟབ་ཐུབ་ནས། གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་བ་རེད། རིམ་གསུམ་སྒྲོམ་གཞིས་གཞོགས་འདེགས་དམ་ཟབ་བྱས་པ་བརྒྱུད་རྔ་ཆེན་མངགས་གཏོང་ཁང་གིས་ཁོངས་གཏོཌ་ཁུལ་གྱི་བདེ་འཇཌ་དུས་བབ་གནད་ལ་འཁེལ་པོས་སྟངས་འཛིན་དང་ཁ་གཏད་ནུས་ལྡན་ངང་གཅོག་ཐུབ་པ་བྱུང་ཡོད།

    མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། རྔ་ཆེན་མངགས་གཏོང་ཁང་གིས་མི་འདྲ་མིན་སྣ་ཚོགས་ཡོད་པ་དང་ཕྱོགས་མིར་དོ་དམ་བྱེད་དཀའ་བའི་ས་ཁོངས་སུ་གནས་སྡོད་ལག་ཁྱེར་ལེན་པ་དང་། སླུ་འགོག་དྲིལ་བསྒྲགས། རྩོད་གཞི་འདུམ་འགྲིག སྐོར་གཡེང་དང་འགོག་ཟོན་བཅས་གཞི་གཅིག་ཅན་གྱི“ཏང་འཛུགས་སྐྱོང་གི་ཉེན་རྟོག་ཚོགས་པའི”ཞབས་ཞུའི་ས་ཚིགས་བཏོད་ཡོད་པ་རེད། ས་ཚིགས་དེ་དག་གིས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས ་པ་མ་ཟད། ད་དུང་དྲ་མིག་གི་མི་དམངས་ཉེན་རྟོག་པ་དང་། སྤྱི་ཚོགས་ཀྱི་ལས་དོན་པ། བོགས་གཏོང་ཁང་པའི་ཁང་བདག ཚོང་ཁང་གི་སྦྱིན་བདག གཉིས་ལྡན་དུད་སྦྲེལ་བཅས་ཁོངས་མི་མཉམ་འདྲེས་གཙོ་བོར་བྱས་པའི“ཕྱོགས་ལྔའི”དོན་གྲོས་ལས་སྟེགས་ཤིག་ཀྱང་བསྐྲུན་ཡོད་པ་རེད།

    “རིམ་གསུམ་སྒྲོམ་གཞིའི”ཉེན་དོན་ལམ་སྲོལ་བཙུགས་པའི་རྨང་གཞིའི་ཐོག་རྔ་ཆེན་མངགས་གཏོང་ཁང་གིས་སྡེ་ཁུལ་གྱི་ཁང་བདག་དང་། བདེ་སྲུང་བ། ཚོང་ཁང་གི་འགན་འཁུར་བ་སོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། “ཁྱིམ་མཚེས་ཕན་ཚུན་ལྟ་སྐྱོང”གི་འོས་འགན་ཉེན་རྟོག་དཔུང་ཁག་བཞི་བཙུགས་པ་རེད། འོས་འགན་ཉེན་རྟོག་དཔུང་ཁག་དེ་དག་གིས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་དང་ཉེན་རྟོག་ཕྱོགས་ལ་གཞོགས་འདེགས་བྱེད་པའི་ལས་དོན་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་ལེན་བསྟར་ཚུན། རྔ་ཆེན་མངགས་གཏོང་ཁང་གིས་འགལ་ཟླ་དང་རྩོད་གཞི་སེལ་བ་དང་སྤྱི་ཚོགས་བདེ་འཇགས་ཀྱི་འགོག་ཟོན་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2024ལོར་ཏང་ཡོན་ལས་བྱེད་པའི་ཞབས་ཞུའི་རུ་ཁག་གིས་རིམ་རྩིས་བྱས་ན་མི་ཐེངས་340ལྷག་ཙམ་ལ་བཅར་འདྲི་བྱས་པ་དང་། དམངས་ལ་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་ཐེངས་17སྤེལ་བ། མང་ཚོགས་ཀྱི་དཀའ་གནད་25ཐག་གཅོད་བྱས་པ་རེད། དུས་མཚུངས་འགལ་ཟླ་དང་རྩོད་གཞིའི་རིགས་ཀྱི་ཉེན་ཟོན་གནས་ཚུལ་དུས་མཚུངས་ལས་20%ཆག་པ་དང་ཁོངས་གཏོགས་ཁུལ་དུ་གྱོད་གཞི་ཐོན་ཚད་མངོན་གསལ་དོད་པོས་ཆག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།