མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་ལོར་རྫུན་མར་འགོག་རྒོལ་བྱེད་པའི་དྲིལ་བསྒྲགས་གཏིང་ཟབ་དང་ཏན་ཏིག་ སྤེལ་རྒྱུར་སྐུལ་འདེད་བཏང་བ།
འདི་ནི་དངུལ་ལོར་རྫུན་མར་འགོག་རྒོལ་གྱི་དྲིལ་བསྒྲགས་བྱ་ཡུལ་ཡིན་པ།
ད་ཕན་ལོ་ཤས་རིང་མི་དམངས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས“དངུལ་ལོར་རྫུན་མ་ཐར་པར་གཏན་ནས་མི་གཏོང་བ”མཐའ་འཁྱོངས་ཀྱིས“གྲོང་སྡོད་ལས་དོན་ས་ཚིགས་དང་། དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས། དྲ་མིག་ཅན་དོ་དམ”བཅས་ཟུང་དུ་འབྲེལ་བར་བརྟེན་ནས་དངུལ་ལོར་རྫུན་མར་འགོག་རྒོལ་བྱེད་པའི་དྲིལ་བསྒྲགས་ལ་ཤུགས་རྒྱག་པ་དང་ཁྱོན་ཡོངས་ནས་སྣུར་སྲིང་དང་ཁྱབ་ཁྱོན་ཆེ་རུ་བཏང་སྟེ་དངུལ་ལོར་རྫུན་མར་འགོག་རྒོལ་བྱེད་པའི་ལས་དོན་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཐོག མི་རིགས་ཁག་གི་མང་ཚོགས་ཀྱི་དངུལ་ཁུག་བདེ་འཇཌ་བརྟན་པོ་བསྲུངས་པ་རེད།
མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་73གྱིས་དངུལ་ལོར་རྫུན་མར་འགོག་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བར་དྲིལ་བསྒྲཌ་གཞི་ཁྱོན་མི་ཐེངས་2000ལྷག་ཙམ་ཟིན་པ་དང་། གཙོ་གནད་མི་ཚོགས་ལ་ཕྱོགས་ཏེ་གཅིག་སྡུད་དྲིལ་བསྒྲགས་ཐེངས་6བྱས་པར་རིམ་རྩིས་བརྒྱབ་ན་དངུལ་ལོར་རྫུས་མར་འགོག་རྒོལ་བྱེད་པའི་དྲིལ་བསྒྲགས་དཔྱད་གཞི་5000སྤྲད་པ་རེད།