དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྙེ་མོའི་སྤྱི་བདེས་སློབ་གྲྭའི་བདེ་སྲུང་ལས་དོན་ཧུར་ཐག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-14

    སློབ་གྲྭའི་བདེ་འཇགས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། སློབ་གྲྭའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སེལ་བ་དང་སློབ་གྲྭར་བདེ་འཇགས་ཀྱི་དོན་རྐྱེན་སྣ་ཚོགས་ཐོན་པར་འགོག་ཟོན་ནན་པོ་བྱས་ནས་བདེ་འཇགས་དང་ཞི་མཐུན་གྱི་སློབ་གྲྭའི་ཁོར་ཡུག་གཏོད་ཆེད། ཉིན་ཤས་བསྟུད་མར་སྙེ་མོ་རྫོང་སྤྱི་བདེ་ཅུས་དར་རོང་གྲོང་རྡལ་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭར་བསྐྱོད་དེ་སློབ་གྲྭའི་བདེ་སྲུང་ལས་དོན་སྤེལ་བ་རེད།

    མི་དམངས་ཉེན་རྟོག་པས་སློབ་གྲྭའི་ཁ་འགྲེམས་འགྲོ་ལམ་དང་། འཕྲལ་སྡོམ་མཛུབ་སྟོན་མཚོན་རྟགས། མེ་ཟོན་ཡོ་ཆས། མཐེབ་གཅིག་རྣམ་པའི་ཉེན་གཏོང་མ་ལག ལས་རེས་དང་སྡོད་བྱ། དེ་བཞིན་མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་ཟོན་བཅས་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་པ་རེད། སློབ་གྲྭ་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་རྩོད་གཞི་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པའི་ལས་དོན་ཁྲོད་སློབ་གྲྭའི་མཐའ་འཁོར་གྱི་དགེ་སློབ་དང་ཁྱིམ་བདག་གི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་ཆེ་བའི་མི་སྣ་རྩད་གཅོད་གཏིང་ཟབ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་དགེ་སློབ་དང་ཁྱིམ་བདག་གི་བདེ་འཇགས་འགན་ལེན་བྱས་པ་མ་ཟད། སློབ་གྲྭའི་བདེ་འཇགས་ལ་འཇིགས་སྐུལ་མི་ཐེབས་པར་བྱས་ཡོད།

    སློབ་གྲྭའི་བདེ་སྲུང་གི་གཙོ་གནད་ལ་དམིགས་ཏེ། མི་དམངས་ཉེན་རྟོག་པས་སློབ་གྲྭར་འགྲོ་བ་དང་སློབ་གྲྭ་གྲོལ་བ་སོགས་ཀྱི་གཙོ་གནད་དུས་མཚམས་སུ་སློབ་གྲྭའི་མཐའ་འཁོར་དུ་སྐོར་གཡེང་བྱེད་ཤུགས་ཆེ་རུ་བཏང་ནས། རླངས་འཁོར་སྐོར་གཡེང་དང་རྐང་ཐང་སྐོར་གཡེང་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་སློབ་གྲྭའི་མཐའ་འཁོར་དུ་ཉེན་རྟོག་པ་ཡོད་ཚད་དང་ལས་དོན་དོ་དམ་བྱེད་ཚད་མཐོ་རུ་བཏང་ཡོད། འཕྲད་སྲིད་པའི་ཐོལ་བྱུང་ཉེན་ཁའི་གནས་ཚུལ་སྣ་ཚོགས་ལ་འཕྲལ་སྡོམ་ནང་སྦྱོང་བྱས་པ་དེས་སློབ་གྲྭའི་བདེ་སྲུང་བའི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་བཏང་བ་མ་ཟད། ཉེན་རྟོག་པ་དང་སློབ་གྲྭའི་མཉམ་འགུལ་མཉམ་ལས་ཀྱི་ཕན་ནུས་ཀྱང་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་སློབ་གྲྭ་སྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།