གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
འདི་ནི་མང་ཚོགས་ཀྱིས་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བྱ་དགའ་ཡོད་པའི་དྲི་བར་ལན་བཏབ་ནས་བྱ་དགའི་རྒྱན་ཤོག་འཐེན་བཞིན་པ།
འདི་ནི་མི་དམངས་ཉེན་རྟོག་པས་སློབ་ཕྲུག་ཚོར་འགྲིམ་འགྲུལ་ཉེན་རྟོག་དོམ་ཆུང་སྤྲོད་པའི་རྣམ་པ་ཡིན་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས“ཡ་རབས་འགྲིམ་འགྲུལ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། མི་ཚང་མས་ཁྲིམས་ཤེས་ཁྲིམས་སྲུང་བྱས་ནས་བདེ་འཇགས་ཡ་རབས་ངང་ཕྱིར་སྐྱོད་པའི་རྣམ་པ་ཟབ་མོ་བཏོད་པ་རེད།
བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་བརྡ་ཁྱབ་སྦྱར་བ་དང་། འཕྲེད་ཡིག་འགེལ་བ། གཡུལ་སའི་དྲིལ་བསྒྲགས་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱ་ཆེའི་མང་ཚོགས་ལ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་བདེ་འཇགས་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་དྲན་སྐུལ་ཞུས་ནས་གཏོགས་ཁོངས་སུ་འགྲོ་ལམ་ཤར་གཏོང་དང་འགྲུལ་པ་བདེ་འཇགས་ཡོང་བར་རྨང་གཞི་བརྟན་པོ་བཏིང་བ་རེད། འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བྱ་དགའ་ཡོད་པའི་དྲི་བ་འདོན་པའི་སྐབས་སུ། མི་དམངས་ཉེན་རྟོག་པ་དང་མང་ཚོགས་ཀྱིས་སྤེལ་རེས་ཧུར་ཐག་བྱས་ཏེ་མཉམ་འགུལ་གྱི་རྣམ་པ་ཡག་པོ་བྱུང་བ་དང་། བྱེད་སྒོ་སྤེལ་རིང་ཁྱོན་དོམ་ཆུང་འགྲིམ་འགྲུལ་ཉེན་རྟོག་པ་500དང་སྦག་ཞྭ་300ལྷག་ཙམ་སྤྲད་པ་རེད།