དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་བསལ་གདན་ཞུ་བྱས་པའི་ཞིབ་དཔྱོད་དཔོན་གྱི་ལས་རོགས་གདན་བསྐོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-14

    འདི་ནི་ས་གནས་ས་ཐོག་ཏུ་མཉམ་པར་རྒྱག་བཞིན་པ།

    ཞིབ་དཔྱོད་ཀྱི་གྱོད་སྒྲུབ་ཆེད་ལས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་ཞིབ་དཔྱོད་ལས་ཁུངས་དང་སྲིད་འཛིན་ལས་ཁུངས་དབར་གྱི་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་ཆེད། ཉེ་ཆར། ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་བསལ་གདན་ཞུ་བྱས་པའི་ཞིབ་དཔྱོད་དཔོན་གྱི་ལས་རོགས་གདན་བསྐོ་བྱེད་པའི་མཛད་སྒོ་འཚོགས་ཤིང་། ཁྲལ་དོན་དང་། ཁྲོམ་ར་ལྟ་འདོམས། ཆུ་བེད་སོགས་ཁྱབ་ཁོངས་མང་པོའི་ཆེད་ལས་མི་སྣ་6དམིགས་བསལ་གདན་ཞུ་བྱས་པའི་ཞིབ་དཔྱོད་དཔོན་གྱི་ལས་རོགས་ལ་གདན་བསྐོ་བྱས་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་གདན་བསྐོ་བྱས་པའི་དམིགས་བསལ་གདན་ཞུའི་ཞིབ་དཔྱོད་དཔོན་གྱི་ལས་རོགས་ཀྱིས་རང་སོ་སོའི་ཆེད་ལས་ཁྱབ་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཞིབ་དཔྱོད་གྱོད་སྒྲུབ་ལ་ཆེད་ལས་བློ་འདྲི་དང་ལག་རྩལ་གྱི་རྒྱབ་སྐྱོར་དང་། བརྟག་དཔྱད་དཔང་ལེན་དང་གྱོད་གཞིར་ཞིབ་བཤེར་སོགས་ཀྱི་ལས་དོན་སྤེལ་རྒྱུར་གཞོགས་འདེགས། ཞིབ་དཔྱོད་ལས་དོན་ཁྲོད་འཕྲད་པའི་ཆེད་ལས་ཀྱི་དཀའ་གནད་ཐག་གཅོད་ནུས་ལྡན་བཅས་བྱས་ནས། ཞིབ་དཔྱོད་ལས་དོན་དང་སྲིད་འཛིན་ཁྲིམས་འཛིན་ལས་དོན་འབྲེལ་མཐུད་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།